སློབ་མར་སློབ་གྲྭའི་ནང་རྨས་ཕོག་ན་སློབ་གྲྭས་འགན་འཁུར་དགོས་སམ།
གྱོད་དཔེ།བཀྲ་ཤིས་ནི་ལོ8ཅན་གྱི་སློབ་ཆུང་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད། སློབ་ཕྱིའི་སྤྱི་ཚོགས་སྟེང་གི་ན་གཞོན་ཚེ་རིང(ལོ18ལ་སོན་ཡོད)གིས་བཀྲ་ཤིས་ལ་སློབ་གྲྭའི་གསང་སྤྱོད་ཁང་དུ་བརྙས་བཅོས་ཐེངས་མང་བྱས་ལ། ཚེ་རིང་གིས་རྒྱུན་པར་བཀྲ་ཤིས་ཀྱི་ལག་ནས་དངུལ་བཙན་ལེན་བྱེད་བཞིན་ཡོད། དངུལ་བཙན་ལེན་བྱེད་ཐེངས་ཤིག་ལ། ཚེ་རིང་གིས་བཀྲ་ཤིས་ཕར་དེད་པར། བཀྲ་ཤིས་ཀྱི་མགོ་བོ་སྒེའུ་སྟེགས་སྟེང་བརྡབས་པས་ཁ་མལ་དེ་ནས་བརྒྱལ་སོང་། ཟླ་ངོ་གཅིག་གི་རིང་ལ་གསོ་བཅོས་བྱས་པ་བརྒྱུད། བཀྲ་ཤིས་སངས་དྲག་བྱུང་སྟེ་སྨན་ཁང་ནས་བུད། དེ་ལྟར་ན་བཀྲ་ཤིས་ལ་རྨས་ཕོག་པ་དེར་སུས་འགན་འཁུར་དགོས་སམ།གྱོད་དོན་དབྱེ་ཞིབ།གྱོད་དོན་འདི་ནི་སློབ་རའི་གནོད་འཚེ་དོན་རྐྱེན་ཁྲོད་ཀྱི་ཕྱོགས་གསུམ་པའི་འགན་འཁྲིའི་གནད་དོན་དང་འབྲེལ་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་བའི་སྐབས་སུ། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་བཅས་ཕུད་པའི་ཕྱོགས་གསུམ་པའི་མིས་གནོད་འཚེ་བཏང་བ་ཡིན་ན། ཕྱོགས་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས། གྱོད་དོན་འདིའི་ནང་དུ། བཀྲ་ཤིས་ལོ8ཡིན་པས། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ལ། བཀྲ་ཤིས་ལ་གནོད་འཚེ་གཏོང་མཁན་དེ་སློབ་ཕྱིའི་མི་སྣ་ཡིན་པ་དང་། བཀྲ་ཤིས་ལ་སློབ་གྲྭའི་ནང་སློབ་སྦྱོང་དང་འཚོ་བ་རོལ་སྐབས་གནོད་འཚེ་ཐེབས་པ་བཅས། གོང་གི་གནས་ཚུལ་དག་ལ་ཕྱོགས་བསྡུས་སྒོས་བལྟས་ན། བཀྲ་ཤིས་ལ་རྨས་སྐྱོན་ཕོག་པ་དེར་ཚེ་རིང་གིས་འགན་འཁུར་དགོས། སློབ་ཕྱིའི་མི་སྣ་སློབ་རའི་ནང་གང་འདོད་དུ་ཡོང་ཆོག་པ་དེ་ལས་སློབ་གྲྭས་དོ་དམ་གྱི་འགན་འཁྲི་ལེགས་པར་བསྒྲུབས་མེད་པ་ཤེས་ཐུབ། དེའི་ཕྱིར་སློབ་གྲྭས་ཀྱང་དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། སློབ་གྲྭས་ཁ་གསབ་འགན་འཁྲི་ཁུར་རྗེས་ཚེ་རིང་ལ་གྱོང་གསབ་དེད་ཆོགའབྲེལ་ཡོད་ཁྲིམས་ཚན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1199པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས་མི་ལུས་ལ་གནོད་སྐྱོན་ཐེབས་ན། བྱིས་སྐྱོང་ཁང་དང་སློབ་གྲྭའམ་སློབ་གསོའི་ལས་ཁུངས་གཞན་དག་གིས་དབང་གནོད་འགན་འཁྲི་འཁུར་དགོས། ཡིན་ན་ཡང་། སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པར་ཁུར་ཡོད་པ་བདེན་དཔང་བྱེད་ཐུབ་ན། དབང་གནོད་འགན་འཁྲི་འཁུར་མི་དགོས།དོན་ཚན1200པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས་མི་ལུས་ལ་གནོད་སྐྱོན་ཐེབས་ན། སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པར་ཁུར་མེད་ཚེ། དབང་གནོད་འགན་འཁྲི་འཁུར་དགོས།དོན་ཚན1201པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཕུད་པའི་ཕྱོགས་གསུམ་པའི་མིས་གནོད་འཚེ་བཏང་ན། ཕྱོགས་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་སློབ་གསོའི་ལས་ཁུངས་གཞན་དག་གིས་དོ་དམ་གྱི་འགན་འཁྲི་ཁུར་མེད་ཚེ། དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་དེ་མཐུན་གྱི་ཁ་གསབ་འགན་འཁྲི་ཁུར་རྗེས། ཕྱོགས་གསུམ་པར་གྱོང་གསབ་དེད་ཆོག །ཁྲིམས་ཚན་ཞིབ་འགྲེལ།གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་སློབ་གསོའི་ལས་ཁུངས་ཀྱི་འགན་འཁྲི་དང་སློབ་རའི་གནོད་འཚེ་དོན་རྐྱེན་ཁྲོད་ཀྱི་ཕྱོགས་གསུམ་པའི་འགན་འཁྲིའི་ཐད་ཀྱི་གཏན་འབེབས་རེད།སློབ་རའི་གནོད་འཚེ་དོན་རྐྱེན་གྱི་ཐད་ནས། དེའི་འགན་འཁྲིའི་འཁུར་ཐབས་ལ་གནས་ཚུལ་མི་འདྲ་བ་དབྱེ་དགོས་ཏེ། (1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ལ་སློབ་གསོའི་ལས་ཁུངས་སུ་གནོད་འཚེ་ཐེབས་ན། སློབ་གསོའི་ལས་ཁུངས་ཀྱིས་འགན་འཁུར་དགོས། འོན་ཀྱང་དེ་གས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པོར་ཁུར་ཡོད་པ་བདེན་དཔང་བྱེད་ཐུབ་ན་འགན་འཁྲི་འཁུར་མི་དགོས། (2)དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ལ་སློབ་གསོའི་ལས་ཁུངས་སུ་མི་ལུས་གནོད་འཚེ་ཐེབས་ན། སློབ་གསོའི་ལས་ཁུངས་ཀྱིས་སློབ་གསོའི་ལས་འགན་དང་དོ་དམ་གྱི་ལས་འགན་ལེགས་པར་བསྒྲུབས་མེད་པའི་གནས་ཚུལ་འོག་ད་གཟོད་འགན་འཁྲི་འཁུར་དགོས།(3)ཕྱོགས་གསུམ་པའི་དབང་གནོད་བྱ་སྤྱོད་ཀྱི་དབང་གིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་བཅས་སུ་འཚོ་བ་རོལ་བཞིན་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིར་གནོད་འཚེ་ཐེབས་ན། ཕྱོགས་གསུམ་པས་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་དོ་དམ་གྱི་ལས་འགན་བསྒྲུབས་མེད་ན། དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། ཁ་གསབ་འགན་འཁྲི་ཁུར་རྗེས་ཕྱོགས་གསུམ་པར་གྱོང་གསབ་དེད་ཆོག དེའི་ཁྲོད། ཕྱོགས་གསུམ་པ་ཞེས་པ་ནི་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཕུད་པའི་མི་སྣ་སྟེ། ཡང་གཅིག་བཤད་ན་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གི་དགེ་རྒན་དང་ཡང་ན་ལས་སྒྲུབ་མི་སྣ་གཞན་དག་ཕུད་པའི་མི་གཞན་ལ་གོ་བ་ཡིན།
གྱོད་དཔེ།
བཀྲ་ཤིས་ནི་ལོ8ཅན་གྱི་སློབ་ཆུང་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད། སློབ་ཕྱིའི་སྤྱི་ཚོགས་སྟེང་གི་ན་གཞོན་ཚེ་རིང(ལོ18ལ་སོན་ཡོད)གིས་བཀྲ་ཤིས་ལ་སློབ་གྲྭའི་གསང་སྤྱོད་ཁང་དུ་བརྙས་བཅོས་ཐེངས་མང་བྱས་ལ། ཚེ་རིང་གིས་རྒྱུན་པར་བཀྲ་ཤིས་ཀྱི་ལག་ནས་དངུལ་བཙན་ལེན་བྱེད་བཞིན་ཡོད། དངུལ་བཙན་ལེན་བྱེད་ཐེངས་ཤིག་ལ། ཚེ་རིང་གིས་བཀྲ་ཤིས་ཕར་དེད་པར། བཀྲ་ཤིས་ཀྱི་མགོ་བོ་སྒེའུ་སྟེགས་སྟེང་བརྡབས་པས་ཁ་མལ་དེ་ནས་བརྒྱལ་སོང་། ཟླ་ངོ་གཅིག་གི་རིང་ལ་གསོ་བཅོས་བྱས་པ་བརྒྱུད། བཀྲ་ཤིས་སངས་དྲག་བྱུང་སྟེ་སྨན་ཁང་ནས་བུད། དེ་ལྟར་ན་བཀྲ་ཤིས་ལ་རྨས་ཕོག་པ་དེར་སུས་འགན་འཁུར་དགོས་སམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདི་ནི་སློབ་རའི་གནོད་འཚེ་དོན་རྐྱེན་ཁྲོད་ཀྱི་ཕྱོགས་གསུམ་པའི་འགན་འཁྲིའི་གནད་དོན་དང་འབྲེལ་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་བའི་སྐབས་སུ། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་བཅས་ཕུད་པའི་ཕྱོགས་གསུམ་པའི་མིས་གནོད་འཚེ་བཏང་བ་ཡིན་ན། ཕྱོགས་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས། གྱོད་དོན་འདིའི་ནང་དུ། བཀྲ་ཤིས་ལོ8ཡིན་པས། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ལ། བཀྲ་ཤིས་ལ་གནོད་འཚེ་གཏོང་མཁན་དེ་སློབ་ཕྱིའི་མི་སྣ་ཡིན་པ་དང་། བཀྲ་ཤིས་ལ་སློབ་གྲྭའི་ནང་སློབ་སྦྱོང་དང་འཚོ་བ་རོལ་སྐབས་གནོད་འཚེ་ཐེབས་པ་བཅས། གོང་གི་གནས་ཚུལ་དག་ལ་ཕྱོགས་བསྡུས་སྒོས་བལྟས་ན། བཀྲ་ཤིས་ལ་རྨས་སྐྱོན་ཕོག་པ་དེར་ཚེ་རིང་གིས་འགན་འཁུར་དགོས། སློབ་ཕྱིའི་མི་སྣ་སློབ་རའི་ནང་གང་འདོད་དུ་ཡོང་ཆོག་པ་དེ་ལས་སློབ་གྲྭས་དོ་དམ་གྱི་འགན་འཁྲི་ལེགས་པར་བསྒྲུབས་མེད་པ་ཤེས་ཐུབ། དེའི་ཕྱིར་སློབ་གྲྭས་ཀྱང་དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། སློབ་གྲྭས་ཁ་གསབ་འགན་འཁྲི་ཁུར་རྗེས་ཚེ་རིང་ལ་གྱོང་གསབ་དེད་ཆོག
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1199པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས་མི་ལུས་ལ་གནོད་སྐྱོན་ཐེབས་ན། བྱིས་སྐྱོང་ཁང་དང་སློབ་གྲྭའམ་སློབ་གསོའི་ལས་ཁུངས་གཞན་དག་གིས་དབང་གནོད་འགན་འཁྲི་འཁུར་དགོས། ཡིན་ན་ཡང་། སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པར་ཁུར་ཡོད་པ་བདེན་དཔང་བྱེད་ཐུབ་ན། དབང་གནོད་འགན་འཁྲི་འཁུར་མི་དགོས།
དོན་ཚན1200པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས་མི་ལུས་ལ་གནོད་སྐྱོན་ཐེབས་ན། སློབ་གྲྭ་དང་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པར་ཁུར་མེད་ཚེ། དབང་གནོད་འགན་འཁྲི་འཁུར་དགོས།
དོན་ཚན1201པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཏུ་སློབ་སྦྱོང་དང་འཚོ་བ་རོལ་སྐབས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཕུད་པའི་ཕྱོགས་གསུམ་པའི་མིས་གནོད་འཚེ་བཏང་ན། ཕྱོགས་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་སློབ་གསོའི་ལས་ཁུངས་གཞན་དག་གིས་དོ་དམ་གྱི་འགན་འཁྲི་ཁུར་མེད་ཚེ། དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་དེ་མཐུན་གྱི་ཁ་གསབ་འགན་འཁྲི་ཁུར་རྗེས། ཕྱོགས་གསུམ་པར་གྱོང་གསབ་དེད་ཆོག །
ཁྲིམས་ཚན་ཞིབ་འགྲེལ།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་སློབ་གསོའི་ལས་ཁུངས་ཀྱི་འགན་འཁྲི་དང་སློབ་རའི་གནོད་འཚེ་དོན་རྐྱེན་ཁྲོད་ཀྱི་ཕྱོགས་གསུམ་པའི་འགན་འཁྲིའི་ཐད་ཀྱི་གཏན་འབེབས་རེད།
སློབ་རའི་གནོད་འཚེ་དོན་རྐྱེན་གྱི་ཐད་ནས། དེའི་འགན་འཁྲིའི་འཁུར་ཐབས་ལ་གནས་ཚུལ་མི་འདྲ་བ་དབྱེ་དགོས་ཏེ། (1)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ལ་སློབ་གསོའི་ལས་ཁུངས་སུ་གནོད་འཚེ་ཐེབས་ན། སློབ་གསོའི་ལས་ཁུངས་ཀྱིས་འགན་འཁུར་དགོས། འོན་ཀྱང་དེ་གས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་ལེགས་པོར་ཁུར་ཡོད་པ་བདེན་དཔང་བྱེད་ཐུབ་ན་འགན་འཁྲི་འཁུར་མི་དགོས། (2)དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ལ་སློབ་གསོའི་ལས་ཁུངས་སུ་མི་ལུས་གནོད་འཚེ་ཐེབས་ན། སློབ་གསོའི་ལས་ཁུངས་ཀྱིས་སློབ་གསོའི་ལས་འགན་དང་དོ་དམ་གྱི་ལས་འགན་ལེགས་པར་བསྒྲུབས་མེད་པའི་གནས་ཚུལ་འོག་ད་གཟོད་འགན་འཁྲི་འཁུར་དགོས།(3)ཕྱོགས་གསུམ་པའི་དབང་གནོད་བྱ་སྤྱོད་ཀྱི་དབང་གིས་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་བཅས་སུ་འཚོ་བ་རོལ་བཞིན་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིར་གནོད་འཚེ་ཐེབས་ན། ཕྱོགས་གསུམ་པས་འགན་འཁྲི་འཁུར་དགོས། བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གིས་དོ་དམ་གྱི་ལས་འགན་བསྒྲུབས་མེད་ན། དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། ཁ་གསབ་འགན་འཁྲི་ཁུར་རྗེས་ཕྱོགས་གསུམ་པར་གྱོང་གསབ་དེད་ཆོག དེའི་ཁྲོད། ཕྱོགས་གསུམ་པ་ཞེས་པ་ནི་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་ཕུད་པའི་མི་སྣ་སྟེ། ཡང་གཅིག་བཤད་ན་བྱིས་སྐྱོང་ཁང་དང་སློབ་གྲྭའམ་ཡང་ན་སློབ་གསོའི་ལས་ཁུངས་གཞན་དག་གི་དགེ་རྒན་དང་ཡང་ན་ལས་སྒྲུབ་མི་སྣ་གཞན་དག་ཕུད་པའི་མི་གཞན་ལ་གོ་བ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注