ཞིང་ལས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་ས་ནི་ཅི་ཞིག་ཡིན།

ཞིང་ཁའི་ཆུ་བེད་གཙོ་ཡིན་པའི་ཞིང་ལས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཞིང་ལས་ཀྱི་རྨང་གཞི་ཇེ་དྲག་ཏུ་གཏོང་བའི་མྱུར་བ་མྱུར་བར་སྒྲུབ་པའི་ལས་འགན་ཞིག་ཡིན་ལ། འདི་ནི་ཞིང་ལས“ཅན་བཞི”ཁྲོད་ཀྱི་ཆུ་བེད་ཅན་ཞེས་པའི་རེ་བ་དམ་པ་ཞིག་ཀྱང་ཡིན། ཞིབ་ཏུ་བཤད་ན། མིག་སྔར་ཞིང་ལས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་ས་ནི་ཞིང་ལས་ཀྱི་ཆུ་བེད་ཅན་མངོན་འགྱུར་བྱེད་རྒྱུ་དེ་ཡིན། ཞིང་སྡེའི་ཆུ་བེད་སྐོར་གྱི་གཏོང་འཇོག་བྱེད་ཤུགས་དོན་དམ་དུ་རྒྱ་ཆེར་བཏང་ནས་འཛུགས་སྐྲུན་གོམ་འགྲོས་ཇེ་མགྱོགས་སུ་བཏང་ན། ད་གཟོད་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་འབྱུང་ཐུབ་པ་དང་། ཞིང་ལས་ཀྱི་རྨང་གཞི་སྒྲིག་བཀོད་ཡུན་རིང་དུ་ཞན་གནས་སུ་ལུས་པའི་རྣམ་པ་སྒྱུར་ཐུབ། 

ཞིང་ལས་ཆུ་བེད་ཅན་ནི་ཞིང་ལས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་ས་ཡིན་ཟེར་ན། ཆུ་བེད་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་འོས་པའོ། ཆུ་བོ་ཆེན་པོ་དང་ཆུ་བོ་འབྲིང་ཆུང་གལ་ཆེན་གྱི་བདག་སྐྱོང་ལ་ཤུགས་སྣོན་བྱས་ཏེ། ཆུ་བེད་ཀྱི་སྲོག་ཤིང་ལྟ་བུའི་ལས་གཞི་ཆེ་འབྲིང་སྐོར་ཞིག་བསྐྲུན་ནས་འགྲུབ་པར་འཇུག་རྒྱུ། ཆུ་མཛོད་ཆེ་འབྲིང་དང་སྐྱོན་ཡོད་ཆུ་མཛོད་ཆུང་བ་གལ་ཆེན་གྱི་སྐྱོན་སེལ་སྲ་མཁྲེགས་སུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་གྱི་རྒྱུ་སྤུས་ཁག་ཐེག་བྱེད་རྒྱུ། མ་དངུལ་ཇེ་མང་དུ་བཏང་ནས། ཆུ་མ་ས་ཁུལ་གྱི་ཆ་ཚང་མཐུད་སྐྲུན་དང་ཆུ་གྲོན་ཆུང་གི་སྒྱུར་བཅོས་གཙིགས་སུ་བཟུང་ནས་ཇེ་མགྱོགས་སུ་འཛུགས་སྐྲུན་བྱེད་རྒྱུ།

མིག་སྔར་ཞིང་ལས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོགས་སུ་བཀར་ནས་གཙིགས་འཛིན་བྱེད་རུང་། 2009ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་བླང་བྱ་ལྟར་ན། སྔར་བཞིན་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གཞན་དག་ཇེ་མགྱོགས་སུ་གཏོང་དགོས་ཏེ། བྱེ་བྲག་ཏུ་བཤད་ན། ཞིང་སྡེའི་ཆུ་གློག་འཛུགས་སྐྲུན་ལ་གཏོང་འཇོག་ཇེ་མང་དང་། ཆུ་གློག་ཆུང་བས་འབུད་ཤིང་གི་ཚབ་བྱེད་པའི་འཛུགས་སྐྲུན་རྒྱ་ཁྱོན་ཇེ་ཆེར་གཏོང་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག  ཀྲུང་དབྱང་ནོར་སྲིད་ཀྱིས་ནུབ་ཕྱོགས་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ཞིང་སྡེ་འགྲུལ་སྐྱེལ་གྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལམ་ལུགས་འཛུགས་རྒྱུ། ཞིང་སྡེའི་རྫབ་རླབས་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་ཇེ་མང་དུ་གཏོང་བ་དང་། སོག་མ་སྲ་གཟུགས་སུ་གཏོང་བའམ་རླངས་པར་གཏོང་བའི་ཚོད་ལྟ་དཔེ་སྟོན་བྱེད་རྒྱ་ཇེ་ཆེར་གཏོང་རྒྱུ། ཞིང་སྡེའི་ཆ་འཕྲིན་ཅན་གོང་འཕེལ་གཏོང་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号