ལྗོངས་རྒྱུ་ལྟ་སྐོར་ཚོགས་པ་ཁ་ཆད་དང་འགལ་ན་ཇི་ལྟར་བྱ།

གྱོད་དཔེ།

སྙིང་ལོ་སོགས་མི་འགའ་ཡིས་གཟའ་འཁོར་སྔོན་མར་ལྗོངས་རྒྱུ་ལྟ་སྐོར་ཚོགས་པ་ཞིག་གིས་རྩ་འཛུགས་བྱས་པའི་ཉིན་གསུམ་རིང་ནང་ལོགས་ཀྱི་ཡུལ་ལྗོངས་གྲགས་ཅན་ཞིག་ལ་ལྟ་སྐོར་དུ་འགྲོ་བའི་ཁྲོད་མིང་ཐོ་བཀོད་པར་མ་ཟད་དེ་གར་ཡུལ་སྐོར་གན་རྒྱའང་བཞག  མ་བསམས་ས་ནས་ལྗོངས་རྒྱུ་ལྟ་སྐོར་ཚོགས་པས་ཡུལ་སྐོར་ལ་འགྲོ་བར་ཉིན་གཅིག་ལས་ལྷག་མེད་དུས། འགྲུལ་སྐྱེལ་རླངས་འཁོར་ལ་ཆག་སྐྱོན་བྱུང་བས་ལམ་ཐིག་བརྗེ་དགོས་ཟེར། ཡིན་ན་ཡང་ཚོགས་པ་དེ་གས་ཡུལ་སྐོར་བར་ལམ་ཐིག་བརྗེ་དགོས་པའི་གནད་དོན་ཕྱོགས་གྲོས་མོལ་ཅི་ཡང་མ་བྱས་པས། སྙིང་ལོ་སོགས་ཁོང་ཁྲོ་རབ་ཏུ་ལངས་ཏེ་ཡུལ་སྐོར་སྤུས་ཚད་ལྟ་སྐུལ་དོ་དམ་སྡེ་ཁག་ལ་གནད་དོན་དེ་ཞུ་གཏུག་ཐེར་འདོན་བྱས་ནས་ཡུལ་སྐོར་ཚོགས་པས་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པར་མ་ཟད་སྐྱིན་ཚབ་ཀྱང་གཞལ་དགོས་པའི་རེ་བ་བཏོན།

བཅའ་ཁྲིམས་དབྱེ་ཞིབ།

སྙིང་ལོ་སོགས་ཀྱིས་ལྗོངས་རྒྱུ་ལྟ་སྐོར་ཚོགས་པར་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་པ་ནི་ལུགས་མཐུན་ཁྲིམས་མཐུན་ཡིན། རང་རྒྱལ་གྱི《ཡུལ་སྐོར་བཅའ་ཁྲིམས》ཀྱི་དོན་ཚན69པ་ནས71པའི་བར་གྱི་གཏན་འཁེལ་ལྟར་ན།  “ལྗོངས་རྒྱུ་ལྟ་སྐོར་ཚོགས་པས་འགན་ལེན་ཡུལ་སྐོར་གན་རྒྱའི་ཁ་ཆད་ལྟར་འོས་འགན་བསྒྲུབ་དགོས་པ་ལས། རང་འགུལ་གྱིས་ཡུལ་སྐོར་བཀོད་སྒྲིག་བསྒྱུར་མི་ཆོག ལྗོངས་རྒྱུ་ལྟ་སྐོར་ཚོགས་པས་འགན་ལེན་ཡུལ་སྐོར་གན་རྒྱའི་འོས་འགན་མ་བསྒྲུབས་པའམ་གན་རྒྱའི་འོས་འགན་བསྒྲུབས་པ་ཁ་ཆད་དང་མི་མཐུན་པ་ཡིན་ན། ཁྲིམས་ལྟར་མུ་མཐུད་དུ་ལག་བསྟར་དང་ཁ་གསབ་བྱེད་ཐབས་སྤྱོད་པའམ་གྱོང་གུད་སྐྱིན་ཚབ་འཇལ་བ་སོགས་ཀྱི་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད། གོང་གི་གྱོད་དོན་འདིའི་ཁྲོད་དུ། སྙིང་ལོ་སོགས་ཀྱིས་ལྗོངས་རྒྱུ་ལྟ་སྐོར་ཚོགས་པ་ལ་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག་པར་མ་ཟད། ཁ་ཆད་དང་འགལ་བའི་དངུལ་ཡང་བླངས་ཆོག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号