ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།

ལེའུ་གསུམ་པ། ཁྲིམས་མི།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།

དོན་ཚན་ང་བདུན་པ། ཁྲིམས་མི་ནི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་ཅིང་། ཁྲིམས་ལྟར་རང་ཚུགས་སུ་དམངས་དོན་ཁེ་དབང་སྤྱོད་རྒྱུ་ཡོད་ལ་དམངས་དོན་འོས་འགན་སྒྲུབ་འགན་འཁུར་བའི་རྩ་འཛུགས་ཡིན།

དོན་ཚན་ང་བརྒྱད་པ། ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས།

ཁྲིམས་མི་ལ་རང་ཉིད་ཀྱི་མིང་དང་། རྩ་འཛུགས་ལས་ཁུངས། གཞིས་གནས། རྒྱུ་ནོར་རམ་གྲོན་དངུལ་བཅས་ཡོད་དགོས། ཁྲིམས་མི་འཛུགས་རུང་པའི་བྱེ་བྲག་གི་ཆ་རྐྱེན་དང་ལས་རིམ་ཐད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་འཛིན་དགོས།

ཁྲིམས་མི་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་པ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།

དོན་ཚན་ང་དགུ་པ། ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ནི། ཁྲིམས་མི་འཛུགས་པའི་དུས་ནས་འབྱུང་ཞིང་། ཁྲིམས་མི་མཇུག་སྒྲིལ་བའི་དུས་ནས་མེད་པར་འགྱུར་བ་ཡིན།

དོན་ཚན་དྲུག་ཅུ་པ། ཁྲིམས་མིས་རང་ཉིད་ཀྱི་རྒྱུ་ནོར་ཡོངས་རྫོགས་ལས་རང་ཚུགས་སུ་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཁྲིམས་མིའི་ཚབ་བྱས་ནས་དམངས་དོན་བྱེད་སྒོ་སྤེལ་བའི་འགན་འཁུར་པ་ནི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།

ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་བ་ཡིན་ན། དེའི་བཅའ་ཁྲིམས་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས།

ཁྲིམས་མིའི་སྒྲིག་ཡིག་གམ་ཁྲིམས་མིའི་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་བཀོད་འཐུས་ཚབ་པའི་འཐུས་ཚབ་དབང་ཆར་ཚོད་འཛིན་བྱེད་པ་དང་། སེམས་བཟང་བཅངས་པའི་འཐུས་ཚབ་པར་འགྲན་རྒོལ་བྱ་མི་རུང་།

དོན་ཚན་རེ་གཉིས་པ། ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་ལག་བསྟར་བྱེད་སྐབས་མི་གཞན་ལ་གནོད་སྐྱོན་བཟོས་ཚེ། ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་དགོས།

ཁྲིམས་མིས་དམངས་དོན་འགན་འཁྲི་ཁུར་རྗེས། བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར། ནོར་འཛོལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པར་གྱོང་གསབ་བདའ་འདེད་བྱས་ཆོག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号