རྫ་སྟོད་རྫོང་གིས་ཏང་འཛུགས་སྐྲུན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པར་སྐུལ་འདེད་གང་ལེགས་བྱས་པ།

ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་དང་། ཏང་འཛུགས་སྐྲུན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཐབས་ལམ་དང་དཔེ་དབྱིབས་རྒྱུན་ཆད་མེད་པར་གསར་སྐྲུན། གཞི་རིམ་ལེགས་འཛིན་གྱི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ། རྩ་འཛུགས་འཛུགས་སྐྲུན་གྱི་ཤུགས་འདོན་གནས་ལེགས་འཛིན་དང་དམངས་ལ་ཞབས་ཞུ་སྒྲུབ་པའི་རྐང་འཛུགས་ས་ལེགས་འཛིན་བྱས་པ་བཅས་བརྒྱུད་དེ། གཞི་རིམ་ཏང་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་ཕན་པའི་སྟོབས་ཤུགས་མང་པོ་གོང་བུར་བསྒྲིལ་ནས། ཏང་འཛུགས་སྐྲུན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཆུ་ཚད་དང་སྤུས་ཀ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།

སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྟོབས་ལྡན་དུ་བཏང་བ། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ཁྲིམས་བཀོད་སྒྲིག་རིམ་ལྟར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་མཉམ་ལས་ཁང་གི་འགན་འཁུར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། “གྲོས་སྡུར་བཞི་དང་སྤྱི་བསྒྲགས་གཉིས”དང་སྡེ་བའི་ནོར་སྲིད་ལ་ཞང་གིས་དོ་དམ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཐོག སྡེ་བ་རིམ་པའི་ཆ་སྒྲིག་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱིས་རིགས་སོ་སོའི་རྩ་འཛུགས་དང་སྣ་སོ་སོའི་བྱ་བར་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

སྡེ་དོན་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དུ་བཏང་བ། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལེགས་འདེམས་ལེགས་སྒྲིག་བྱས་པ་དང་། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་རྩ་འཛུགས་དང་སྡེ་དོན་ཨུ་ཡོན་ལྷན་ཁང་གི་རོགས་ལས་ཞིབ་མོ་དང་སྦྲེལ་མཐུད་ནུས་ལྡན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ལྟ་སྐུལ་སྒྲིལ་ཤུགས་གྲུབ་པར་བྱས་པ་དང་། “འགན་གཅིག་ལྕོགས་སུ་འཁུར་བ”ཡི་ལྟ་སྐུལ་གཙོ་གནད་དུ་བཟུང་ནས་ཤུགས་བསྣན་ཏེ། སྡེ་བ་རིམ་པའི་ལས་དོན་ཐམས་ཅད་གསལ་ཐག་ཆོད་པའི་སྒོ་ནས་བསྒྲུབ་པར་སྐུལ་འདེད་གང་ལེགས་བྱས།

“ཏང་འཛུགས་སྐྲུན་མཉམ་སྐྲུན”གྱིས་མཐའ་མཚམས་ཀྱི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ། ཡུན་རིང་བདེ་འགོད་ལ་དམིགས་ཏེ། བོད་ལྗོངས་མཐའ་མཚམས་ཀྱི་ཁྱིམ་མཚེས་ས་ཁུལ་གྱི་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས་ནང་རྐྱེན་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། མཐའ་མཚམས་སོ་སོའི་ཞང་དང་གྲོང་རྡལ་གྱི་ཏང་འཛུགས་སྐྲུན་མཉམ་སྐྲུན་གྱིས་སྣ་སོ་སོའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རོགས་སྐུལ་བྱས་ཏེ། ཆུ་ཚད་མཐོན་པོའི“ཏང་འཛུགས་སྐྲུན+ཐོན་ལས+དམངས་གཙོ+N”ཡི་ཏང་འཛུགས་སྐྲུན་གྱིས་མཐའ་མཚམས་བཅོས་སྐྱོང་ལ་སྣེ་ཁྲིད་པའི་དཔེ་དབྱིབས་གསར་སྐྲུན་བྱས།

ལས་ཁུངས་དང་སྡེ་བ(སྡེ་ཁུལ)ཆ་སྒྲིག་མཉམ་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ། “སེམས་སྦྲེལ་མཉམ་སྐྲུན”ལ་ཟུང་འབྲེལ་བྱས་ཏེ་ལས་ཁུངས་དང་སྡེ་ཁག་གི“སྦྲེལ་གཅིག་རོགས་གཉིས”ཀྱི་བྱ་བ་དང་ལས་ཁུངས་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྲུན་གྱི“མཉམ་སྐྲུན་མཉམ་གཏོད”ཀྱི་བྱ་བར་གཏིང་ཟབ་སྒོས་སྐུལ་འདེད་བྱས་པ་དང་། དགོས་མཁོ་དང་ཐོན་ཁུངས། མཉམ་སྐྲུན་སོགས་ཞིབ་ཐོ3མཐུད་སྦྲེལ་བྱས་པ་བརྒྱུད། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་པར་རོགས་རམ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号