ཀྲུང་གོ་དང་ཧི་ལན་གྱི་དཔལ་འབྱོར་ཉོ་ཚོང་མི་སྣས་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་གྲོས་བསྡུར་བྱས།

ཧི་ལན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་ཉེ་སྔོན་ཧི་ལན་གྱི་ཧེ་ཡཱ་ནས་ལོ་ཚོགས་བསྡུས། ཧི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཧི་ལན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས། དེ་མིན་ཀྲུང་གོ་དང་ཧི་ལན་གྱི་ཁེ་ལས་ལས་རིགས་ཀྱི་འཐུས་མི300ལྷག་གིས་ཀྲུང་གོ་དང་ཧི་ལན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། ཧི་ལན་གྱི་དངུལ་གཏོང་ཁོར་ཡུག ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་ཧི་ལན་གྱི་དངུལ་གཏོང་དང་འཕེལ་རྒྱས་སོགས་བརྗོད་གཞིའི་ཐད་ནས་བརྗེ་རེས་ཟབ་མོ་བྱས།

ཧི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཐན་ཅན་གྱིས་བསྟན་དོན། འདས་པའི་ལོ་ངོ་བཅུའི་རིང་ལ། ཀྲུང་གོ་དང་ཧི་ལན་གྱི་འབྲེལ་བར་འཕེལ་རྒྱས་གྲུབ་འབྲས་མང་བོ་ཐོབ། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། འཛམ་གླིང་ཉོ་ཚོང་རྩ་འཛུགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞི་བརྒྱུད་དེ་ནམ་ཟླའི་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་རྒྱལ་སྤྱིའི་གྲོས་གཞི་གལ་ཆེན་ཐད་ནས་མཉམ་ལས་ཟབ་མོ་བྱས་ཡོད་ཟེར།

ཧི་ལན་རྒྱལ་སྤྱིའི་ཁེ་ལས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ཧི་ལན་དང་ཀྲུང་གོས་དཔལ་འབྱོར་ཁྱབ་ཁོངས་སུ་ནམ་རྒྱུན་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་ཟས་རིགས་དང་ཞིང་ལས། སྨན་བཅོས་བདེ་སྲུང་། ནུས་ཁུངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་ལ། ཧི་ལན་རྒྱལ་ཁབ་གཉིས་ཀྱི་ཞིབ་འཇུག་དང་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རེ་སྒུག་གིས་ཁེངས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号