ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག27པ། ༽
ལེའུ་བཅུ་པ། ལས་ཀའི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཕྱོགས་སྐོར།
དོན་ཚན་བརྒྱ་དང་སུམ་ཅུ་པ། ལས་དོན་ཁྲོད་འགན་འཁྲི་མི་འཁུར་བའམ་ཡང་ན་དོ་དམ་བྱ་རྒྱུ་སྣང་མེད་དུ་བཞག་པ་དང་། གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བརྟག་དཔྱད། ལྟ་སྐུལ་ལེགས་པོ་མ་བྱས་པས། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་དང་དེ་བཞིན་སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེ་ཙམ་བཟོས་རིགས་ལ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གྱོང་གུན་ཚབས་ཆེན་བཟོས་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ལས་གནས་སུ་མ་འབྱོར་གོང་གནས་པར་མ་ཟད་དེའི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་པའི་གནད་དོན་ལ། སྒྱིད་ལུག་གཟུར་གཡོལ་དང་། རང་འགན་གཞན་དཀྲི་བྱས་པས། གནོད་འཚེ་ཚབས་ཆེན་ནམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།
དོན་ཚན་བརྒྱ་དང་སོ་གཅིག་པ། ལས་དོན་ཁྲོད་འཐབ་རྩོད་བྱེད་མི་ཕོད་པ་དང་འཁུར་ལེན་བྱེད་མི་འདོད་པ། འགལ་བ་དང་གདོང་གཏུག་ཆེན་པོ་དང་། ཉམས་ཉེན་དང་དཀའ་ངལ་ཆེན་པོའི་མདུན་དུ་ཕྱིར་བཤོལ་བྱས་པས། ཤུགས་རྐྱེན་ངན་པའམ་ཡང་ན་ངན་འབྲས་ཚབས་ཆེན་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་སོ་གཉིས་པ། གཤམ་གསལ་བྱ་སྤྱོད་གང་རུང་ཞིག་ཡོད་ན། གནོད་འཚེ་ཚབས་ཆེན་ནམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) གླེང་ཕྱོགས་ཀྱིས་སྦིར་སྒྲོག་བྱེད་པར་དགའ་ཞིང་། ཕྱི་ཚུལ་ཁོ་ན་གཉེར་པ།
(གཉིས།) ཚོགས་འདུས་ཚོགས་འདུ་ལག་བསྟར་བྱེད་པ་དང་། ཡིག་ཆས་ཡིག་ཆ་དོན་འཁྱོལ་བྱས་པ་ཙམ་ལས། དོན་དངོས་ཀྱི་ལས་དོན་ཁྲོད་བྱ་སྤྱོད་མི་སྤེལ་བ།
(གསུམ།) དོན་དངོས་དང་ཁ་བྲལ་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་མ་བྱས་པར། གང་འདོད་ལྟར་ཇུས་ཐག་བཅད་པ་དང་འགྱུར་བ་གཏོང་མི་ཤེས་པར་ལག་བསྟར་བྱས་པ།
(བཞི།) ཡིག་ཆ་ཉུང་བསྡུས་དང་ཚོགས་འདུ་ཉུང་འཕྲི་བྱེད་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཡིག་ཆ་དང་ཚོགས་འདུ་རྫོགས་དུས་མེད་པ།
(ལྔ།) ལྟ་ཞིབ་དང་ཞིབ་བཤེར་དང་དཔྱད་ཞིབ་བཅས་ཀྱི་ལས་དོན་ཁྲོད་གཅིག་ཐོག་གཉིས་རྩེག་དང་ལས་དོན་སྒྲུབ་ཤུལ་འཇོག་ཐལ་དྲགས་ནས། གཞི་རིམ་ལས་དོན་གྱི་ཁུར་བོ་ལྕི་རུ་བཏང་བ།
(དྲུག) ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་གཞན་དག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注