ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ལག་ཁྱེར་ཁ་པར་ལས་བླངས་ཆོག

ངོ་སྤྲོད་བྱས་པ་ལྟར་ན། ཡུལ་མིས་ལག་ཁྱེར་ཁ་པར་སྟེང་གི་སྐད་འཕྲིན་གྱི་མ་ལག་ཆུང་ངུ་བརྒྱུད་དེ“ལག་ཁྱེརeཔར་ལེན”འཚོལ་བཤེར་བྱས་ནས་མི་སྒེར་གྱི་ཐོ་ཁོངས་ཐོ་འགོད་བྱས་རྗེས། མ་ལག་ཆུང་ངུའི་ནང“དྲ་ཐོག་ནས་པར་ལེན་པའི”ནུས་པ་བདམས་ནས་མ་ལག་གི་ཁྲིད་སྟོན་ལྟར་པར་ལེན་དགོས། པར་ལེན་པའི་གོ་རིམ་ཁྲོད། འོད་གསལ་དགོས་པ་དང་། རྒྱབ་ལྗོངས་གཙང་དགོས་པ་དང་། ཁ་མདོག་སྐྱ་བོ་དང་རི་མོ་ཅན་གྱི་གྱོན་གོས་གྱོན་མི་ཆོག་པ། ངོ་གདོང་གསལ་བ་དང་། མཛེས་བཟོ་བྱེད་མི་ཆོག ཞིབ་བཤེར་གཏན་འབེབས་བྱས་རྗེས། མ་ལག་གིས་གློག་རྡུལ་གྱི“གྲངས་འཛིན་འདྲ་པར་བདག་སྤྲོད་ལག་ཁྱེར”བཟོ་བ་རེད། རེ་འདུན་ཞུ་མཁན་གྱིས་འཛིན་ཡིག་དེ་ལ་བརྟེན་ནས་ཐག་ཉེ་སའི་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོའི་སྒེའུ་ཁུང་དུ་ཐོབ་ཐང་ལག་ཁྱེར་ཐོག་མར་རེ་ཞུ་དང་བརྗེ(བརྗེ་བ)ལེན་སོགས་ཀྱི་ལས་སྒོ་གཉེར་ཆོག་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་འདི་སྐད། ཐོབ་ཐང་ལག་ཁྱེར་ཐོག་མར་སྒྲུབ་མཁན་ཡུལ་མི་སྔར་བཞིན་སྤྱི་བདེ་ལས་ཁུངས་སུ་སོང་ནས་ཡུལ་དངོས་ནས་པར་ལེན་དགོས་པ་དང་ལག་ཁྱེར་ཁ་པར་བརྒྱུད་དེ་རང་འདེམས་འཚོལ་བསྡུ་བྱས་མི་ཆོག པར་ལེན་པའི་གོ་རིམ་ཁྲོད་ངེས་པར་དུ་མི་གཞན་གྱིས་ལག་ཁྱེར་ཁ་པར་བཀོལ་ནས་པར་ལེན་པ་ལས། རང་གི་ཁ་པར་གྱིས་པར་མི་ལེན་པར་པར་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས་པ་གསལ་འདེབས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号