ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག30པ།༽

དོན་ཚན་བརྒྱ་དང་བཞི་བཅུ་པ། གོང་རིམ་གྱིས་ལས་དོན་ལ་ཞིབ་བཤེར་དང་ལྟ་ཞིབ་བྱེད་སྐབས་སམ་ཡང་ན་གོང་རིམ་ལ་ལས་དོན་སྙན་སེང་ཞུ་སྐབས་ཞུ་དགོས་པའི་དོན་དག་སྙན་སེང་མ་ཞུས་པའམ་ཡང་ན་སྙན་སེང་དྲང་པོ་མ་ཞུས་པའི་རྐྱེན་གྱིས་གནོད་འཚེ་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

གོང་རིམ་གྱིས་ལས་དོན་ལ་ཞིབ་བཤེར་དང་ལྟ་ཞིབ་བྱེད་སྐབས་སམ་ཡང་ན་གོང་རིམ་ལ་ལས་དོན་སྙན་སེང་ཞུ་སྐབས་འོག་རིམ་གྱིས་སྐད་ཆ་རྫུན་མ་དང་། གནས་ཚུལ་རྫུན་མ་སྙན་འབུལ་བྱེད་རིགས་རྒྱ་ཡན་དུ་གཏོང་བ་དང་། ངན་སྐུལ་བྱེད་པ། ལྐོག་བརྡ་གཏོང་བ། བཙན་ཤེད་བྱེད་པ་བཅས་ལ་ཆད་པ་ལྕི་མོ་གཅོད་པའམ་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ།

དོན་ཚན་བརྒྱ་དང་ཞེ་གཅིག་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཚོང་རའི་དཔལ་འབྱོར་གྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་ཤིང་། གཤམ་གསལ་བྱ་སྤྱོད་ལས་གང་རུང་ཞིག་ཡོད་ན། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) འཛུགས་སྐྲུན་ལས་གྲྭའི་ལས་གཞི་འགན་གཙང་སྤྲོད་ལེན་བྱེད་པ་དང་། ས་ཞིང་སྤྱོད་དབང་ནང་བཤུག་གཏོང་བ། སྲིད་གཞུང་ནས་ཉོ་སྒྲུབ་བྱེད་པ། ས་ཁང་ཐོན་ལས་གསར་སྤེལ་དང་གཉེར་སྐྱོང་བྱེད་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པ། མཚམས་སྦྱོར་སྒྲིག་གཞིའི་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་པ།

(གཉིས) གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་ལུགས་བསྒྱུར། ཟླ་སྒྲིལ་གཏོང་བ། མ་རྩ་རྡིབ་པ། བདག་དབང་བརྗེ་འཚོང་། རྒྱུ་ནོར་གཙང་བཤེར། རྒྱུ་ནོར་དཔྱད་དཔོག རྒྱུ་ནོར་ནང་བཤུག ལས་གཞི་གལ་ཆེན་ལ་མ་དངུལ་འཇོག་པ་བཅས་དང་། དེ་བཞིན་གཉེར་སྐྱོང་བྱེད་སྒོ་གལ་ཆེན་གཞན་དག་སོགས་ཀྱི་དོན་དག་ལ་ཐེ་གཏོགས་དང་ཐེ་ཇུས་བྱས་པ།

(གསུམ) སྲིད་འཛིན་ཆོག་འཐུས་རིགས་ཁག་དང་མ་དངུལ་བུན་གཡར་ལ་ཆོག་མཆན་སྤྲོད་པ་སོགས་ཀྱི་དོན་དག་ལ་ཐེ་གཏོགས་དང་ཐེ་ཇུས་བྱས་པ།

(བཞི) དཔལ་འབྱོར་གྱི་རྩོད་གཞིར་ཐེ་གཏོགས་དང་ཐེ་ཇུས་བྱས་པ།

(ལྔ) ཐུན་མོང་གི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་བེད་སྤྱོད་དང་། བགོ་བཤའ་རྒྱག་པ། འགན་གཙང་ལེན་པ། བོགས་མར་གཏོང་བ་སོགས་ཀྱི་དོན་དག་ལ་ཐེ་གཏོགས་དང་ཐེ་ཇུས་བྱས་པ།

དོན་ཚན་བརྒྱ་དང་ཞེ་གཉིས་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཁྲིམས་འཛིན་བྱེད་སྒོ་དང་། སྒྲིག་བསྟར་ཁྲིམས་བསྟར་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་ཏེ། འབྲེལ་ཡོད་ས་གནས་སམ་སྡེ་ཁག་ལ་གྱོད་གཞིའི་གནས་ཚུལ་ཉན་ཞིབ་བྱེད་པ་དང་། བརྡ་གཏོང་བ། ངོ་ཆེན་ཞུ་བ། ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་ཁྲིམས་འཛིན་བྱེད་སྒོ་དང་། སྒྲིག་ཁྲིམས་ལག་བསྟར་རམ་བཅའ་ཁྲིམས་ལག་བསྟར་བྱེད་སྒོར་ཤུགས་རྐྱེན་བཟོ་མཁན་ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ། ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་སྤྱི་པའི་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་པ་དང་། ལས་འཛུགས་ཞིབ་དཔྱད། བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་ཏེ། གྱོང་གུན་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བརྒྱ་དང་ཞེ་གསུམ་པ། འབྲེལ་ཡོད་གཏན་འབེབས་ལྟར་ཐེ་གཏོགས་དང་ཐེ་ཇུས་བྱས་པའི་བྱ་སྤྱོད་ལ་སྙན་སེང་ཞུ་བ་དང་ཐོ་འགོད་བྱེད་པའི་འོས་འགན་ཡོད་པའི་མངག་བཅོལ་དང་ལེན་བྱེད་མཁན་གྱིས་གཏན་འབེབས་ལྟར་སྙན་སེང་མ་ཞུས་པའམ་ཐོ་འགོད་མ་བྱས་ན། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号