མི་འདི་དག་ལ་རྒྱལ་ཁབ་བདེ་འཇཊ་ལས་ཁུངས་ཀྱིས་བྱ་དགའ་སྤྲད་འདུག

ད་ལོ་ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་པ་དང་། ཁ་སང་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་དགུ་པ་དེ་རེད། དཔྱིད་ཀ་འདིར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས2023---2024ལོ་བར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་མཁན་མི་སྒེར་ལ་སྡེབ་གཅིག་ཏུ་གཟེངས་བསྟོད་དང་བྱ་དགའ་སྤྲད་ཡོད། ད་ལོ་ནི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བསྟུད་མར་བྱེད་སྒོ་འདི་སྤེལ་བའི་ལོ་དྲུག་པ་དེ་ཡིན།

ཐེངས་འདིར་ཁྱོན་མི86ལ་གཟེངས་བསྟོད་དང་བྱ་དགའ་ཐོབ་ཡོད། དེའི་ནང་མི15ལ་བྱས་རྗེས་ཆེན་པོ་བཞག་པའི་བྱ་དགའ་ཐོབ་པ་དང་། མི71ལ་བྱས་རྗེས་གལ་ཆེན་བཞག་པའི་བྱ་དགའ་ཐོབ་ཡོད། ས་གནས་སོ་སོའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང《རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤྱི་དམངས་ནས་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་ཐབས》གཞིར་བཟུང་ནས། བྱ་དགའ་ཐོབ་མཁན་ལ་བསམ་པ་དང་དངོས་པོའི་ཐད་ཀྱི་གཟེངས་བསྟོད་དང་བྱ་དགའ་སྤྲད་ཡོད།

མི་དམངས་མང་ཚོགས86གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི12339ཐེར་འདོན་བདག་སྤྲོད་ཁ་པར་དང་། དྲ་སྦྲེལ་ཐེར་འདོན་བདག་སྤྲོད་ལས་སྟེགས(www.12339.gov.cn) རྒྱལ་ཁབ་བདེ་འཇགས་པུའུ་ཡི་འཕྲིན་ཕྲན་སྤྱི་སྟེགས་ཀྱི་ཐེར་འདོན་བདག་སྤྲོད་ཐབས་ལམ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་སུ་ཕྱིན་ནས་ངོ་ཐུག་ཐེར་འདོན། རང་གནས་སའི་ཚན་པར་སྙན་སེང་ཞུ་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་དོགས་གཞི་ཡོད་པའི་གནས་ཚུལ་དང་ཁུངས་སྣེ་སྙན་སེང་ཞུས་པ་མ་ཟད། རྗེས་མཐུད་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་རིགས་ཁག་གི་བྱེད་སྒོ་ཤེས་རྟོགས་དང་འགོག་ཟོན། བཀག་འགོག ཆད་གཅོད་བཅས་བྱ་ཆེད་དང་། རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་ཆེད། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

བྱ་དགའ་ཐོབ་མཁན86དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེན་དོན་ཡིད་ལ་བཅངས་ཤིང་། མངོན་གསལ་དོད་པོའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་དགྲ་ཟོན་གྱི་འདུ་ཤེས་དྲག་པོར་བརྟེན་ཏེ། རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་སྤྲད་པའི་བླ་ན་མེད་པའི་འོས་འགན་རང་འགུལ་ངང་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱ་སྤྱོད་ལ་རང་རྟོགས་ངང་འཐབ་རྩོད་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་སྤྱིར་བཏང་མིན་པའི་དམིགས་བསལ་བྱས་རྗེས་བཞག་ཡོད།

ལོ་འདིའི་རིང་ལ། མི་དམངས་མང་ཚོགས་བགྲང་ལས་འདས་པས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅིང་། བྱ་དགའ་ཐོབ་པའི་མི86འདི་དག་ནི་ཁོང་ཚོའི་ཁྲོད་ཀྱི་དཔེ་མཚོན་འཐུས་ཚབ་ཡིན། ཁོང་ཚོ་ཡོད་པས། སྤྱི་ཚོགས་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི“ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པའི”ཉམས་དགའ་བའི་མཉམ་སྡེབ་རོལ་དབྱངས་དཀྲོལ་གཏོང་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པས། མི་ཚང་མར་འགན་འཁྲི་ཡོད་ལ་མི་ཚང་མས་འགན་འཁྲི་འཁུར་དགོས། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་དགོས་ན། ཚང་མས་མཉམ་དུ་སྲུང་སྐྱོབ་བྱ་དགོས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདེ་འཇགས་ཀྱི་གནས་སྟངས་གསར་པས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འགན་སྲུང་བྱེད་པ། གསང་མྱུལ་ལ་རྒོལ་རྡུང་དང་གསང་མྱུལ་སྔོན་འགོག་གི་སྲ་ཞིང་བརྟན་པའི་ལྕགས་རི་རིང་པོ་བསྐྲུན་པ། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ། དུས་རབས་གསར་པར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མི་དམངས་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པར་སྲུང་སྐྱོབ་བྱེད་པའི་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号