གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས“རྒྱལ་ཁབ་བདེ་འཇགས། ལང་ཚོའི་སྟོབས་ཤུགས”ཞེས་པའི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་ཚོགས་པའི་ཉིན་མོའི་བྱེད་སྒོ་སྤེལ།


རྒྱ་ཆེའི་གུང་གཞོན་ཚོགས་མི་གཞོན་ནུ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱ་ཆེད། ཟླ4པའི་ཚེས16ཉིན་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས“རྒྱལ་ཁབ་བདེ་འཇགས།ལང་ཚོའི་སྟོབས་ཤུགས”ཞེས་པའི་ཞིང་ཆེན་རིམ་པའི་བརྗོད་དོན་གུང་གཞོན་ཚོགས་པའི་ཉིན་མོའི་དཔེ་སྟོན་བྱེད་སྒོ་སྤེལ།   ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་གཞོན་ནུ་ཚོགས་མི1000ལྷག་གིས་མཚོ་སྔོན་ཞིང་ཆེན་ལྕི་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ་རུ་བརྗོད་དོན་ཚོགས་པའི་ཉིན་མོའི་བྱེད་སྒོའི་ཁྲོད་མཉམ་དུ་ཞུགས།  

རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་གཞི་རྩ་ཡིན་ལ། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་དར་རྒྱས་ཀྱི་སྔོན་འགྲོ་ཡིན། བྱེད་སྒོའི་ཁྲོད་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིང་གི་ཆེད་ལས་ཅན་གྱི་རྐང་འཛིན་དགེ་རྒན་གདན་དྲངས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱིའི་ལྟ་བ་ལག་བསྟར་བྱེད་པའི་བརྗོད་དོན་ཚོགས་པའི་སློབ་ཁྲིད་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱིའིི་ལྟ་བ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས། གཞུང་ལུགས་དང་གྱོད་དཔེ་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱིའི་ལྟ་བའི་ནང་དོན་གཙོ་བོ་འགྲེལ་བཤད་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་རྒྱུན་ཤེས་ཁྲིད་དེ་རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་སྟེ། རང་འགུལ་ངང་ཁྲིམས་སྐྱོང་ཁྲིམས་སྲུང་བྱས་ནས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་འདུ་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་དགོས། 

གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུའི་འགན་འཁུར་པས་རྗེས་མར་མཚོ་སྔོན་གྱི་རིམ་པ་སོ་སོའི་ཚོགས་པས་རྒྱལ་ཁབ་བདེ་འཇགས། ལང་ཚོའི་སྟོབས་ཤུགས་ཞེས་པའི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་དྲང་གཞག་གི་དྲིལ་སྒྲོག་སློབ་གསོ་གཙོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་ཚོགས་པའི་ཉིན་མོ་གཞི་རྩའི་རྨང་གཞི་ལྟ་བུ་བྱས་ཤིང་རྩ་འཛུགས་རང་བཞིན་ལ་བརྟེན་ནས་རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་ཆུང་གཞོན་ནུ་རྣམས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བདེ་འཇགས་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་པར་སྣེ་ཁྲིད་དེ། སེམས་ཁྲལ་འདུ་ཤེས་དང་འགན་འཁྲི་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རོགས་འདེགས་བརྟན་པོ་བྱེད་དགོས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་རིགས་ཁྲོད་སྤོབས་པ་ཆེན་པོས་རུ་སྣ་འདྲེན་མཁན་དང་འཕྲལ་རྒོལ་རུ་ཁག་བྱེད་དགོས་ཟེར།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号