མང་རྫོང་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱབ་གདལ་གཏོང་བ་དང་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་ཆེར་གཏོང་ཆེད། ཉེ་ཆར། མང་རྫོང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་སྒྲོས་བྱེད་སྒོ་སྤེལ་ཞིང་། རྫོང་ཨུའི་སྡེ་ཚན་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་སོསོ། མི་དམངས་ཚོགས་པ་སོ་སོ།    རྫོང་སྡོད་ཞིང་ཆེན་དང་ཁུལ་གྱི་ཚན་པ60ལྷག་བྱེད་སྒོར་ཞུགས། 

图片

图片

བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གི་ལས་དོན་མི་སྣས་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་སྒྲོག་དངོས་པོ་བྱིན་པ། དཔེ་མཚོན་གྱོད་དཔེ་བརྒྱུད་རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་འགྲེལ་བཤད་བྱས།ཚན་པ་ཁག་གི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་གློག་འཕྲིན་མགོ་སྐོར་ལ་ངོ་རྒོལ་དང་། ལོག་ཆོས་ལ་ངོ་རྒོལ་སོགས་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་བྱས་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་ཁ་པར12339སྔར་ལས་ཁྱབ་གདལ་བཏང་།

图片

图片

ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོའི་ནང་འཕྲེད་འགེལ་སྦྱར་ཡིག106བཀལ་པ་དང་། དྲིལ་སྒྲོག་དཔྱད་ཡིག་ཁག་ཁྲི1.9ལྷག་བྱིན། ཐེངས་འདིའི་བྱེད་སྒོ་བརྒྱུད་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་སྔར་ལས་ཇེ་ཆེར་ཕྱིན་པ་དང་བདེ་འཇགས་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་ཕྱིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号