མཚོ་སྔོན་གྱིས་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས་དགུ་པའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་བཅུ་འགོར་བའི་ལོ་ཡིན་པ་དང་། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་བ་རེད། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་མི་དམངས་འགོག་སྲུང་འཛུགས་སྐྲུན་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་མི་དམངས་འགོག་སྲུང་འཛུགས་སྐྲུན་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐང་ཏོ་དྲུག་གསུམ་བདུན་ཐང་ཆེན་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་སྐབས་དགུ་པའི་དྲིལ་སྒྲོག་བྱ་འགུལ་སྤེལ།

བྱ་འགུལ་སྐབས་སུ། པར་ཡིག་འགྲེམ་སྟོན་དང་ཡུལ་དངོས་འགྲེལ་བཤད། བརྗེ་རེས་ལ་ཞུགས་པ། ཡུལ་དངོས་ནས་པར་ལེན་པ། དྲིལ་སྒྲོག་དངོས་རྫས་བཀྲམས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་དྲིལ་སྒྲོག་སློབ་གསོ་སྤེལ། ཡུལ་དངོས་ཀྱི་འགྲེམ་སྟོན་ནང་དོན་ཕུན་སུམ་ཚོགས་པ་དང་། དེས་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་མ་ཟད། ཚང་མའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་སྔར་ལས་ཇེ་མཐོར་བཏང་། དེ་དང་མཉམ་དུ། ལས་བྱེད་མི་སྣས་དཔེ་མཚོན་གྱོད་གཞི་ལ་ཟུང་འབྲེལ་བྱས་ནས། དཔེ་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་བཏང་པར་མ་ཟད། མང་ཚོགས་དང་བརྗེ་རེས་བྱས་ནས། སྟོབས་ཤུགས་ཡོད་རྒུས་དམངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་འགོག་ར་མཉམ་འཛུགས་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས།

དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་གསར་གཏོད་སྣེ་ཁྲིད་ཀྱི་ལོ་འཁོར་བཅུའི་བརྗོད་དོན་ལ་དམིགས་པ་དང་། དྲ་ཐོག་ཡུལ་དངོས་ཀྱི་རྣམ་པ་སྣ་མང་བརྒྱུད་དེ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ནས། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་དྲིལ་སྒྲོག་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་མཉམ་འཛུགས་བྱེད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号