ན་གོར་མོ་གྲོང་ཁྱེར་གྱིས་བྱེད་ཐབས་གསུམ་སྤྱད་དེ་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་པ།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ཚོགས་འདུ་མ་འཚོགས་གོང་གི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་འདུའི་སྤུས་ཚད་ལ་འགན་ལེན་བྱེད་པ། ཚོགས་འདུ་རྗེས་ཀྱི་བཅོས་སྒྲིག་དམ་འཛིན་ཡག་པོ་བྱ་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་དམངས་གཙོས་ཏང་ཡོན་ལ་དཔྱད་བསྡུར་བྱེད་པའི་ཚོགས་འདུ་ཡག་པོ་འཚོགས།
ཚོགས་འདུ་མ་འཚོགས་གོང་གི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། བརྡ་ཐོ་དང་དྲན་སྐུལ་ཡི་གེ་སོགས་ཀྱི་བྱ་ཐབས་བརྒྱུད་ཚོགས་འདུའི་གོ་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་གྲ་སྒྲིག་གི་བླང་བྱ་ཁ་གསལ་བཟོས། གཞི་རིམ་ཏང་ཀྲི་པུའུ་སོས་ཆེད་དོན་གྲོས་བསྡུར་དང་། གཅིག་སྡུད་ཟུར་ཁྲིད། མི་སྒེར་གྱི་རང་སྦྱོང་སོགས་ཀྱི་རྣམ་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་བཞིན་ཡོད། “ངོ་འཕྲད”གྲོས་མོལ་དང“རྒྱབ་བཅོལ”བསྡུ་རུབ་ཟུང་འབྲེལ་བྱེད་ཐབས་སྤྱད་དེ་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ1536བསྡུ་རུབ་བྱས། རིམ་པ་དང་རིགས་དབྱེ་ནས་སེམས་གཏམ་གླེང་མོལ་མི་ཐེངས4093ལ་བྱས་ཏེ། བསམ་བློ་འབྲེལ་གཏུག་དང་། འགལ་རྐྱེན་སེལ་བ། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས།
ཚོགས་འདུའི་སྤུས་ཚད་ལ་འགན་ལེན་བྱས། རང་འགུལ་རང་རྟོགས་དང་ལྟ་སྐུལ་འགག་སྒོ་དམ་འཛིན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་ཚང་མས“སྣེ་ཁྲིད་ལྔ”ལ་དམིགས་ནས“ཆབ་སྲིད་ལུས་བཤེར”བྱས་ནས་འབྱུང་རྩ་ལ་དབྱེ་ཞིབ་གཏིང་ཟབ་བྱས། “འཐབ་རྩོད་ཀྱི་སྙིང་སྟོབས”རྩ་འཛུགས་འཚོ་བའི་ཚོགས་འདུའི་ནང་འདྲེས་ནསཛ སྐྱོན་བརྗོད་དང་རང་ངོས་སྐྱོན་བརྗོད་ཀྱི་བྱ་རིམ་ཁྲོད་མི་མཐོང་བ་དང་དོན་དག་མཐོང་བ་དང་བསམ་བློ་མཐོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་བརྟག་པའི་ཆ་གསལ་པོ་དང་། གཏིང་ཟབ་པའི་ཆ་ཟབ་ཏུ་སློག་ནས།“རྔུལ་ནག་འདོན་པ་དང་། ནད་སེལ་ལུས་སྟོབས”ཀྱི་ཕན་འབྲས་ཐོན་པར་བྱས། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”ཚོགས་འདུར་གདན་འདྲེན་ཞུས་པ་དང་། ཏང(བཟོ)ཨུའི་འགན་འཁུར་བློ་མཐུན་གཙོ་བོ་ཟུར་ཞུགས་བྱས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་།
ཚོགས་འདུའི་རྗེས་ཀྱི་བཅོས་སྒྲིག་དམ་འཛིན་ཡག་པོ་བྱས། བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་རྩ་འཛུགས་འཚོ་བའི་ཚོགས་འདུའི་གཞི་ཚུགས་སར་བརྩིས་ཏེ།“གནད་དོན་གྱི་གསལ་ཐོ”ཅོག་ཙེའི་སྟེང་དུ་བཞག་ནས་རིགས་དབྱེ་དང་རྣམ་གྲངས་རེ་རེ་བཞིན་ཞིབ་འཇུག་བྱས་ནས། བྱེད་ཐབས་དང་། འགན་འཁྲི། དུས་བཀག་བཅས“གསལ་བོར་བསྟན་པ་གསུམ”སྒྲུབ་ཐུབ་པར་བྱས། ལས་འགན་སྙན་སེང་ཞུ་བའི་དཔྱད་མོལ་གྱི་ཚུར་ལན་གནད་དོན་དང་རྩ་འཛུགས་འཚོ་བའི་ཚོགས་འདུའི་གནད་དོན་ཞིབ་བཤེར་དང་བཅོས་སྒྲིག་གི་ནང་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། གནད་དོན་གཅིག་ཐག་གཅོད་དང་། སྒྲིག་སྲོལ་གཅིག་འཛུགས་པ། ལམ་སྲོལ་གཅིག་སྲ་འགྱུར་བཅས་རྒྱུན་འཁྱོངས་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། འགན་འཁྲི་དོན་འཁྱོལ། ལྟ་སྐུལ་དཔྱད་ཞིབ་བཅས་ཀྱི་ཡུན་རིང་ཕན་ནུས་ལྡན་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གནད་དོན་སླར་ཡང་བསྐྱར་ལོག་བྱེད་པ་སྔོན་འགོག་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་ལྡན་རང་བཞིན་དང་ཡུན་རིང་ཕན་ནུས་ལ་སྐུལ་འདེད་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注