ནང་ཆེན་རྫོང་གིས་བྱེད་ཐབས་སྣ་མང་ཟུང་འབྲེལ་བྱས་ཏེ་དཔྱིད་འདེབས་གྲ་སྒྲིག་བྱ་བར་སྐུལ་འདེད་བཏང་།
ཟླ་བཞི་བར་སླེབས་པ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཞིང་ལས་ས་ཁུལ་གྱི་རྣང་ཞིང་དུ་སྐྱེས་སྟོབས་རྒྱས་ཡོད། རྫོང་དེས“འབྲུ་རིགས་བདེ་འཇགས་འགན་སྲུང་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་དུ་བྱས་ཏེ། འགན་འཁྲི་ཕྲེང་འབྲེལ་དང་། མཁོ་འདོན་ཕྲེང་འབྲེལ། སྐྱེ་ཁམས་ཕྲེང་འབྲེལ། ལག་རྩལ་ཕྲེང་འབྲེལ། ཞབས་ཞུའི་ཕྲེང་འབྲེལ།”བཅས་ཕྲེང་འབྲེལ་ལྔ་ཡི་མཐུན་སྦྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱས་ཏེ། “ཏང་སྲིད་གཅིག་གྱུར་དང་། ཚོང་རའི་མཁོ་འདོན་འགན་སྲུང་། ཚན་རྩལ་སྒུལ་བསྩོལ། སྐྱེ་ཁམས་སྔོན་ལ་འཛིན་པ། དམངས་ཡོངས་དེའི་ཁྲོད་དུ་ཞུགས”པའི་དཔྱིད་འདེབས་གྲ་སྒྲིག་བྱ་བའི་མ་ལག་གྲུབ་པར་བྱས་ཏེ། བྱེད་ཐབས་སྣ་མང་ཟུང་འབྲེལ་སྒོས་དཔྱིད་འདེབས་གྲ་སྒྲིག་བྱ་བར་སྐུལ་འདེད་བཏང་།
ནང་ཆེན་རྫོང་གིས་ས་མུའུ་ཁྲི13.26(ས་མུའུ་གཅིག≈0.0667སྤྱི་ཆིངས)འདེབས་འཛུགས་ལས་འགན་གནད་ཁེལ་སྒོས་ཤང་དང་གྲོང་རྡལ10དང་། སྲིད་འཛིན་སྡེ་བ69ལ་དབྱེ་འབྱེད་བྱས་ཏེ། ཏན་ཏིག་གིས“ནས་ནག་དང་། ཞོག་ཁོག ཡུག་པོ་སོགས”རིགས་བཞིའི་ས་མུའུ་ཁྲི་ཅན་གྱི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ཁ་གསབ་དང་འདེབས་འཛུགས་ལས་འགན་གཉིས་དཔྱད་ཞིབ་བྱེད་ཐབས་དང་སྦྲེལ་བར་བྱས་ཏེ། “རྣང་ཞིང་འདེབས་མཁན་ཡོད་པ་དང་། ལས་འགན་ཁུར་མཁན་ཡོད་པར”ཁག་ཐེག་བྱས།
དམིགས་འགུག་བརྒྱུད་དེ་ངེས་གཏན་བྱས་པའི་ཞིང་ལས་དངོས་རྫས་མཁོ་འདོན་འགན་སྲུང་ཁེ་ལས་ཀྱིས། ཧུར་ཐག་གིས་ཞིང་ལས་དངོས་རྫས་མཁོ་འདོན་ཚོང་བར་མཐུན་སྦྱོར་བྱས་ནས། ཞིང་སྤྱོད་དངོས་རྫས་གསོག་ཉར་སྡེབ་སྒྲིག་ཤུགས་ཚད་ཆེ་རུ་བཏང་ནས། སྐྱེ་ལྡན་ལུད་རྫས་གསོག་ཉར་ཏུན7280ལེགས་འགྲུབ་བྱས་པ་དང་། ཤང་དང་གྲོང་རྡལ་འཕྲལ་བསྟུན་གསོག་ཉར་བྱེད་ས་སྒྲིག་འཛུགས་བྱས་ཏེ། ཞིང་ལས་དངོས་རྫས་མཁོ་འདོན་ལ་ཁག་ཐེག་བྱས། མ་དངུལ་སྒོར་ཁྲི883བཏང་ནས། སྐྱེ་ལྡན་ལུད་རྫས་ཁ་གསབ་དང་། ལྗང་མདོག་འགོག་སྡོམ་སོགས་ཀྱི་བྱ་བ་སྤེལ་ཏེ། ལུད་རྫས་བཀོལ་སྤྱོད་མེད་པ་དང་ཚབ་བྱེད་པ་མངོན་འགྱུར་བྱས་ནས། ཞིང་ལས་ཐོན་རྫས་སྤུས་ཚད་དང་ས་གཤིས་ལུད་རྫས་འདུས་ཚད་མཐོར་འདེགས་སུ་བཏང་། དུས་མཚུངས་སུ། ཀྲུང་དབྱང་ཚན་རྩལ་ཆེད་མངགས་ཚོགས་པ་དང་། ཡུས་ཧྲུའུ་ཁུལ་ཞིང་ཕྱུག་ལས་རིགས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཞིང་ལས་ཚན་རྩལ་ཆེད་མཁས་པ་ཡུལ་དངོས་སུ་གདན་དྲངས་ཏེ། དཔྱིད་འདེབས་བྱ་བ་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མཛུབ་སྟོན་བྱས་ཏེ། “གཞུང་ལུགས་གསོ་སྦྱོང+རྣང་ཞིང་སློབ་ཁྲིད+ཡུལ་དངོས་དོགས་གནད་སེལ་བའི”ཞབས་ཞུའི་རྣམ་པ་གྲུབ་པར་བྱས་ནས། ཞིང་ལས་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注