ཞིང་ཆེན་ཡོངས་ཐོག་དང་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་བརྗོད་གཞི་བྱས་པའི་ན་ཆུང་གཞོན་ནུའི་སློབ་གསོའི་རྟེན་གཞི་བཙུགས། 

ཟླ3པའི་ཚེས26ཉིན།  མཚོ་སྔོན་ཞིང་ཆེན་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་བརྗོད་གཞི་ཡིན་པའི་ན་ཆུང་གཞོན་ནུའི་སློབ་གསོའི་རྟེན་གཞི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཧྲན་ཁྲོན་སློབ་གྲྭ་རུ་བཙུགས།

མཁར་བྱང་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་བརྗོད་གཞི་ཡིན་པའི་ན་ཆུང་གཞོན་ནུའི་སློབ་གསོའི་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་སྟོང་ཡོད་ལ།  རྟེན་གཞིའི་ནང་དུ་ཟབ་ཞུགས་རྣམ་པ་ཅན་གྱི་མཉམ་འགུལ་ཉམས་ལེན་བྱེད་ནུས་ཁུལ24དང་།  རྫ་ཆས་གསར་བཟོ་དང་མཛེས་རྩལ།  ཡིག་གཟུགས་ཞིབ་འཇུག་དང་སློབ་སྦྱོང་།  གཟུགས་འདུས་ཤུལ་གཞག་རིག་གནས་སོགས་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་ལེན་ལས་གཞི་འདུས་ཡོད།  ཡུལ་རྣམ་ཅན་གྱིས་མངོན་པར་བྱེད་པ་དང་མཉམ་འགུལ་རྣམ་པས་གསར་གཏོད་དཔེ་ཚུལ་ལ་བརྟེན་ཏེ། གསོན་ཉམས་ལྡན་པའི་ངང་ཀྲུང་ཧྭའི་རིག་གནས་ཀྱི་སྣ་མང་གཞི་གཅིག་ཅན་འགྲེལ་བཤད་བྱས་པ་དང་།  ཟངས་བརྐོས་ལྡེབས་རིས《རི་ཆུ་ལ་བསྔགས་པ》ཞེས་པས་ཧྲན་ཁྲོན་སློབ་གྲྭའི་སློབ་གྲུ་བཙུགས་པའི་ལོ་རྒྱུས་དང་ཕྱོགས་གསུམ་འཛུགས་སྐྲུན་ལ་ཧུར་བརྩོན་བྱས་པའི་ལོ་རྒྱུས་བརྗོད་ཡོད་ལ།  རིགས་སོ་སོའི་མི་དམངས་ཀྱི་མཉམ་འདྲེས་མཉམ་ལས་མཉམ་སྤེལ་གྱི་བརྩེ་དུང་ཟབ་མོ་མཚོན་ཡོད།  བརྗོད་དོན་སློབ་གསོའི་འགྲེམས་སྟོན་ཁང་དུ་ཕུན་སུམ་ཚོགས་པའི་འགྲེམས་སྟོན་གྱི་ནང་དོན་ལ་བརྟེན་ནས།  ཀྲུང་ཧྭ་གཞི་གཅིག་ཅན་དང་མཐོ་སྒང་གི་ཁྱད་ཆོས།  ཧྭ་ཞའི་བུ་ཕྲུག་སོགས་ཀྱི་ཤེས་བྱའི་ནང་དོན་མངོན་ཡོད་ལ།  ལོ་རྒྱུས་དང་རིག་གནས།  སྐྱེ་ཁམས་སོགས་ཀྱི་ཁྱབ་ཁུངས་འདུས་ཡོད།

ཐེངས་འདིའི་བརྗོད་དོན་སློབ་གསོའི་རྟེན་གཞིའི་སྒོ་ཕྱེས་པ་ནི།  མཁར་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ།   སློབ་གསོའི་རྟེན་གཞི་འདི་ནི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ལ་ཁ་ཕྱོགས་པ་ཡིན་པས།  དེ་ལས་མང་པོའི་ན་ཆུང་གཞོན་ནུ་རྣམས་ཀྱིས་གནས་འདི་རུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོ་མྱོང་ཐུབ་པར་མ་ཟད།  མི་རིགས་ཀྱི་ཁས་ལེན་འདུ་ཤེས་དྲག་པོ་དང་རྒྱལ་གཅེས་བརྩེ་སེམས་དང་ཚད་མཐོའི་འགན་འཁྲིའི་འདུ་ཤེས་ཡོད་པའི་དུས་རབས་གསར་བའི་ན་ཆུང་གཞོན་ནུ་མང་པོ་སྐྱེད་བསྲེངས་བྱས་ཏེ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་ཕུལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号