ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨང་གཞིའི་སློབ་གསོའི་བྱ་བ་གཙོ་བོ་རིགས་དགུ་གཏན་འཁེལ་བྱས།
ཟླ3པའི་ཚེས26ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་ཤེས་གསལ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱིས་རྨང་གཞིའི་སློབ་གསོར་བྱ་བ་གཙོ་བོ་རིགས་དགུ་གཏན་འཁེལ་བྱས།
2025ལོར། ཞིང་ཆེན་ཡོངས་ཀྱིས་རྨང་གཞིའི་སློབ་གསོ་དེ12459བྱ་བའི་གཅོ་གནད་ལ་དམིགས་ནས་སྤེལ་བ་དང་། 12459ལ་གཙོ་བོར་ནང་དོན་འདི་དག་ཡོད་དེ། དམིགས་འབེན་ཆུང་ཆུང་ཞིག་གཏན་འཁེལ་བྱས་ཏེ། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་གྱི་མཚོ་སྔོན་མ་དཔེ་བསྐྲུན་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པར་དོ་སྣང་བྱེད་པ་དང་། བདེན་སྲུང་རྨང་བརྟན་དང་བཅོས་བསྒྱུར་གསར་གཏོད་བྱེད་པར་དོ་སྣང་བྱེད་པ་བཅས་དོ་སྣང་གཉིས་འབུར་དུ་ཐོན་པར་བྱེད་པ། སློབ་སྔོན་སློབ་གསོའི་སློབ་གྲྭ་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོའི་སྲ་འགྱུར་ཚད། དམའ་འབྲིང་སྐབས་ཀྱི་སློབ་རིམ་འཕར་ཚད། མཐོ་འབྲིང་སྐབས་ཀྱི་ལེགས་འགྲུབ་བྱས་ཚད་བཅས་དམིགས་ཚད་བཞི་དམ་འཛིན་བྱེད་པ། ན་གཞོན་གྱི་དཔེ་ཀློག་འགུལ་སྐྱོད་དང་། ཚན་རྩལ་སློབ་གསོའི་འགུལ་སྐྱོད། ཁྱིམ་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་འགུལ་སྐྱོད། སློབ་གྲྭ་ཆུང་འབྲིང་གིས་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད། སློབ་མའི་ཉིན་རེར་དུས་ཚོད་གཉིས་ཀྱི་ཕྱོགས་བསྡུས་ལུས་རྩལ་འགུལ་སྐྱོད་ལག་བསྟར་བྱེད་པ་བཅས་འགུལ་སྐྱོད་ཆེན་པོ་ལྔ་ལག་བསྟར་བྱེད་པ། བྱ་བ་གཙོ་བོའི་འགན་འཁྲི་རིགས་དགུ་དོན་འཁྱོལ་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ཏེ། རྨང་གཞིའི་སློབ་གསོ་རྒྱ་བསྐྱེད་ལེགས་བསྒྱུར་འགུལ་སྐྱོད་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། གཉིས་འཕྲིའི་མཇུག་འབྲས་དམ་འཛིན་བརྟན་པོ་བྱེད་པ། རྨང་གཞིའི་སློབ་གསོའི་ཚད་ལྡན་དོ་དམ་དམ་འཛིན་བྱེད་པ། སློབ་དེབ་དང་ཟུར་ཁྲིད་རྒྱུ་ཆ་དོ་དམ་དམ་ཟབ་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམ་འཛིན་བྱེད་པ། སློབ་གསོ་གྲངས་འཛིན་ཅན་གྱི་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ། རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་བརྟན་པོར་འཛིན་པ། སློབ་གྲྭའི་བདེ་འཇགས་དམ་འཛིན་ཞིབ་ཕྲ་བྱེད་པ་བཅས་འདུས།
ས་གནས་ཁག་གི་སློབ་གསོའི་སྡེ་ཁག་དང་སློབ་གྲྭས་སློབ་གསོའི་སྟོབས་ལྡན་ཞིང་ཆེན་བསྐྲུན་རྒྱུའི་དམིགས་འབེན་དམ་པོར་གཏན་འཁེལ་བྱས་ནས་མིག་སྔར་འཕྲད་པའི་གནས་བབ་གསར་པ་དང་འགྱུར་ལྡོག་གསར་པར་དབྱེ་ཞིབ་ནན་ཏན་བྱས་ཏེ། བྱ་བའིའི་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བྱ་ཐབས་ནུས་ལྡན་བཏོན་ཏེ་རྨང་གཞིའི་སློབ་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注