ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་བ་གཉིས་ཀྱི་རྩ་འཛུགས་ལ་ཐོག་མར་འཚམས་འདྲི་རྟོག་ཞིབ་བྱེད་རྒྱུ་རེད།
ཟླ3པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་ལས་ཁུངས་དང་སྡེ་ཁག་གི་འབྲེལ་གཏུག་གྲོས་ཚོགས་འཚོགས་སྐབས། ད་ལོའི་འཚམས་འདྲི་རྟོག་ཞིབ་བྱ་བའི་ཇུས་གཞི་ཁྱབ་བསྒྲགས་བྱས།2025ལོར་ཞིང་ཆེན་དམངས་ཆེན་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྐོར་ཐེངས་བཞི་བགོས་ནས་སྔ་རྗེས་སུ་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་ལས་དོན། ཚོགས་པའི་རྩ་འཛུགས་སོགས་ཁུལ་ཁོངས་གསུམ་གྱི་ལས་ཁུངས་དང་སྡེ་ཁག་བཅུ་ལ་འཚམས་འདྲི་རྟོག་ཞིབ་བྱེད་པར་མ་ཟད། གསར་བ་གཉིས་ཀྱི་རྩ་འཛུགས་ལ་ཐོག་མར་རྟོག་ཞིབ་བྱེད་རྒྱུའི་གཏན་འཁེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཁ་གཏད་འབྲེལ་གཏུག་ལས་ཁུངས་དང་སྡེ་ཁག་ལ་འཚམས་འདྲི་རྟོག་ཞིབ་བྱེད་པ་ནི། འབྲེལ་འདྲིས་འབྲེལ་གཏུག་ལ་ཤུགས་བསྣན་ནས། བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་ནུས་ལྡན་གྱི་ཐབས་ལམ་ཡིན་ལ། ད་ལོར་གསར་བ་གཉིས་ཀྱི་རྩ་འཛུགས་ལ་ཐོག་མར་འཚམས་འདྲི་རྟོག་ཞིབ་བྱེད་པ་ནི། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པའི་གསར་གཏོད་ཀྱི་བྱེད་ཐབས་དང་ཞིབ་ཕྲའི་ལག་ལེན་རེད།
བརྡ་ཁྱབ་ལས། མིག་སྔར། གསར་བ་གཉིས་ཀྱི་རྩ་འཛུགས་དེ་གནས་བབ་གསར་བའི་འོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གསར་བ་དང་ཁུལ་ཁོངས་གཙོ་བོར་གྱུར་ཡོད་ལ། སྤྱི་ཚོགས་བཅོས་སྐྱོང་གི་གནས་ཡུལ་གསར་བ་གཙོ་བོར་གྱུར་ཡོད་དེ། དམངས་ཆེན་གྱི་སྤྱི་ཚོགས་རྩ་འཛུགས་བྱ་བར་དམངས་ཆེན་གྱི་འགན་ནུས་འབུར་དུ་ཐོན་པར་བྱེད་པ་དང་། བྱ་བའི་རྣམ་འགྱུར་ཡག་པོ་བཟུང་ནས་གསར་འབྱེད་ཡར་བརྩོན་བྱེད་ལ། གསར་བ་གཉིས་ཀྱི་རྩ་འཛུགས་དེ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཞུགས་པའི་གནད་དོན་འཚོལ་ཞིབ་དང་ཞིབ་འཇུག་ནན་མོ་བྱེད་དགོས། གཅིག་ནས་གསར་བ་གཉིས་ཀྱི་རྩ་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ངེས་གནས་དང་གོ་གནས་གསར་བོར་རྟོགས་དགོས། གཉིས་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱིས་གསར་བ་གཉིས་ཀྱི་རྩ་འཛུགས་ལ་བཏོན་པའི་འགྲན་སློང་གསར་བར་ཞིབ་འཇུག་བྱེད་དགོས། གསུམ་ནས་རང་ཞིང་གི་གསར་བ་གཉིས་ཀྱི་རྩ་འཛུགས་ཀྱི་འཕེལ་རྒྱས་གནས་བབ་དང་དེའི་གནད་དོན་གཙོ་བོ་གསལ་བོར་ཤེས་པར་བྱེད་པ་དང་། དམངས་ཆེན་གྱི་སྤྱི་ཚོགས་རྩ་འཛུགས་སྟོབས་ཤུགས་ལ་བརྟེན་ནས། གསར་བ་གཉིས་ཀྱི་རྩ་འཛུགས་ཀྱིས་ཚན་རྩལ་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྒུལ་ནུས་གཙོ་བོ་མུ་མཐུད་དུ་བསྐྱེད་དེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་པ་བསྟན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注