མཚོ་སྔོན་ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་གིས2025ལོའི་གཙོ་གནད་ཁྱབ་བསྒྲགས་བྱས་ནས་ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ཤུགས་འདོན་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་གིས2025ལོའི་གཙོ་གནད་ཁྱབ་བསྒྲགས་བྱས་ནས། ནགས་དཔོན་ལམ་ལུགས་ལག་བསྟར་ཟབ་མོ་བྱེད་རྒྱུ་རེད།

གཙོ་གནད་ལྟར་ན། 2024ལོའི་ཞིང་ཆེན་རིམ་པའི་ནགས་དཔོན་དང་རྩྭ་དཔོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཅིག་འདོམས་ནུས་པ་མཐོར་འདེགས་གཏོང་བ། བཟོ་སྐྲུན་ལས་གཞི་དམ་འཛིན་བྱེད་པ། ནགས་རྩྭའི་སྐོར་ཞིབ་ལ་ཤུགས་སྣོན་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་སྐྱེ་ཁམས་ལས་གཞི་གཙོ་བོའི་ལག་བསྟར་ཡུལ་དངོས་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས། ཉིན་རྒྱུན་རང་བཞིན་གྱི་ནགས་རྩྭའི་སྐོར་ཞིབ་བྱ་བ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་ཚོད་ལྟའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་སྐུལ་སློང་བྱེད་ཐབས་ལག་བསྟར་བྱེད་པའི་ཚོད་ལྟའི་བྱེད་ཐབས་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། ནགས་རྩྭ་དཔོན་ལམ་ལུགས་ཀྱི་རོགས་ལས་སྡེ་ཁག་གི་འགན་འཁྲི་དང་ནགས་རྩྭ་དཔོན་དང་ཆུ་མཚོ་དཔོན་སོགས་ཀྱི་རོགས་ལས་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་བྱ་བའི་སྲོལ་ཡིག་གི་ཁྲིམས་འཛུགས་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ནགས་རྩྭ་དཔོན་ལམ་ལུགས་ཀྱི་གྲོས་ཚོགས་དང་ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་སྣེ་ཁྲིད་སྤྱི་འདོམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་འཛུགས་སྐྲུན་དང་སྤྱི་གླིང་གི་ཇུས་འགོད་དང་འཛུགས་སྐྲུན་སོགས་མ་ལག་རང་བཞིན་གྱི་བྱ་བ་གཅིག་འདོམས་སྒོས་སྤེལ་རྒྱུ་ཡིན་པ་དང་།  རང་བྱུང་སྲུང་སྐྱོབ་ས་ཆ་ལེགས་བསྡུས་ལེགས་བསྒྱུར་ཇུས་གཞི་མྱུར་དུ་དངོས་འབེབས་བྱེད་རྒྱུ་ཡིན་ལ། རྒྱུན་རྣམ་ཅན་གྱི་སྒོས་ནས་ལྗང་ཕུབ་སོགས་མཉམ་འབྲེལ་ཁྲིམས་བསྟར་འགུལ་སྐྱོད་སྤེལ་ནས། རང་བྱུང་སྲུང་སྐྱོབ་ས་ཆའི་མཆན་བཀོད་ཚོང་གཉེར་སོགས་ཚོང་གཉེར་རང་བཞིན་གྱི་ཞབས་ཞུའི་བར་ཁྱད་ཅན་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་མ་ཆད་ཇེ་ལེགས་སུ་གཏོང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་བཟོ་སྐྲུན་གྱི་སྤྱི་ཁོག་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་བཟོ་སྐྲུན་གྱི2027ལོ་ནས2029ལོའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་སྒྲིག་བཟོ་བྱེད་པ་དང་། ཚྭ་འདམ་གཞོང་དང་གུང་ཧོ་གཤོང་ས་བྱེ་ཐང་མཐའ་མཚམས་གནད་འགག་ཁུལ་དུ་གཏན་ཁེལ་བྱེད་པ་དང་། རླུང་འགོག་བྱེ་འགོག་དང་རྡུལ་འགོག་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་གཅིག་འདོམས་བྱས་ནས། 2024ལོ་ནས2026ལོའི་བྱེ་འགོག་བྱེ་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་དམིགས་འབེན་ལས་འགན་སྔོན་དུ་ཡོངས་འགྲུབ་བྱེད་རྒྱུ་རེད།

ནགས་ས་དང་རྩྭ་ས། བརླན་ས། རང་བྱུང་སྲུང་སྐྱོབ་ས་ཆའི་པར་རིས་ཞིབ་བཤེར་དང་གཞི་གྲངས་སྤུས་བཤེར་ལས་འགན་ཡོངས་འགྲུབ་བྱས་ཏེ། ལོ་སྟོད་ཀྱི་ཁྲིམས་འགལ་གྱོད་གཞིའི་དག་ཐེར་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། ནགས་རྩྭའི་ཐོན་ཁུངས་དང་རང་བྱུང་སྲུང་སྐྱོབ་ས་ཆ་ཁྲིམས་འགལ་ཧམ་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་རྒྱུ་ཡིན་ལ། ནགས་ས་སྤྱི་ཆིངས་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱའི་གནོད་ལྡན་སྐྱེ་དངོས་དང་རྩྭ་ས་སྤྱི་ཆིངས་འབུམ་ལྔ་དང་ཁྲི་དྲུག་སྟོང་དྲུག་བདུན་བརྒྱའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་འགྲེམ་སྤེལ་ལག་བསྟར་བྱེད་པ་དང་། ནགས་རྩྭའི་སོན་སྨྱུག་དང་སོན་ཁུངས་དོ་དམ་ལ་ཤུགས་བསྣན་ནས། རང་སའི་སྡོང་རིགས་ཀྱི་སྐྱེད་སྲིང་རྒྱུད་སྐྱེད་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཚད་མཐོར་འདེགས་གཏོང་རྒྱུ་རེད།

ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཇུས་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། ཟི་ལིང་དང་མཚོ་ཤར་ནས་སྔོན་དུ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་སྲུང་སྐྱོབ་བེད་སྤྱོད་ཀྱི་སྲིད་ཇུས་རྐྱེན་སྲོལ་གསར་གཏོད་བྱེད་རྒྱུ་ཡིན་པ་དང་།དེང་རབས་རྒྱལ་དབང་ནགས་རའི་འཛུགས་སྐྲུན་ཚོད་ལྟའི་ལས་འགན་སུམ་ཅུ་ཡོངས་འགྲུབ་བྱེད་པ་དང་། ཟི་ལིང་ལྷོ་རིའི་ལྗང་བསྒྱུར་ཁུལ་གྱི་ཚོང་གཉེར་ཚོད་ལྟ་སྣ་ཚོགས་བརྟན་བརླིང་ངང་སྤེལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དོ་སྲུང་བའི་དོ་དམ་ཚོད་ལྟའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དོ་སྲུང་པའི་སྐོར་སྲུང་བདེ་འཇགས་ཀྱི་རྩ་གནད་ཞིབ་ཕྲ་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་སྲུང་ཁྲི་བརྒྱད་ལྷག་གི་དོ་སྲུང་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་སྲུང་པའི་སྐོར་སྲུང་རྩལ་ནུས་དང་བདེ་འཇགས་འགོག་སྲུང་། ཕྱི་རོལ་སྲོག་སྐྱོབ་སོགས་ཀྱི་འབྲེལ་ཡོད་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། གཞི་རིམ་ཡུལ་ཚོ་དང་གྲོང་རྡལ་གྱི་ནགས་ལས་ས་ཚིགས་ཀྱི་སླར་གསོ་འཛུགས་སྐྲུན་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ནགས་རྩྭའི་དཔོན་པོའི་གཞུང་སྒྲུབ་ཁང་དང་ནགས་ལས་ས་ཚིགས་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ནགས་རྩྭ་དཔོན་པོའི་ལམ་ལུགས་ཀྱི་གཞི་རིམ་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号