མཚོ་སྔོན་མཚོ་ནུབ་ཀྱིས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་ལྔ་ཡིས་ཞིང་ལས་འགན་བཅོལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

ཟླ3པའི་ཚེས24ཉིན། གསར་འགོད་པས་མཚོ་ནུབ་སོགས་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2025ལོར་མཚོ་ནུབ་ཁུལ་ཞིང་ལས་འགན་བཅོལ་འཆར་གཞིའི་སྤྱིའི་འགན་བཅོལ་གྲོན་དངུལ་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་ལྔར་སླེབས་ཡོད་པ་དང་། ལོ་ཏོག་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་ཁེབས་ཡོད་ལ་།ཕྱུགས་ཟོག་ས་ཡ་གསུམ་དང་ཁྲི་གཉིས་སྟོང་དགུ་དྲུག་བརྒྱ་དང་ནགས་ཚལ་སྤྱི་ཆིང་འབུམ་ལྔ་ཁྲི་བདུན་སྟོང་བརྒྱད།མཐོ་སྒང་གི་ཁྱད་ཆོད་ལྡན་པའི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཉེན་ཁའི་འགོག་ར་བསྐྲུན་ཡོད།

མཚོ་བོད་མཐོ་སྒང་གི་གལ་ཆེ་བའི་སྐྱེ་ཁམས་ཞིང་ཕྱུགས་ཁུལ་ཡིན་པའི་ཆ་ནས།ད་ལོ་ནས་བཟུང་མཚོ་ནུབ་ཁུལ་གྱིས་རྒྱུན་མཐུད་ངང་ཞིང་ལས་འགན་བཅོལ་གྱི་ཁེབས་ཚད་ཇེ་ཆེར་བཏང་སྟེ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།རིམ་པ་བཞིན་བརྗོད་བྱ་གཙོ་བོ་དང་ཁྱད་ཆོས་ལྡན་པའི་ལངས་གཟུགས་ཅན་གྱི་ཞིང་ལས་འགན་བཅོལ་མ་ལག་གྲུབ་ཡོད། མིག་སྔར།ཁུལ་དེ་གའི་ཞིང་ལས་འགན་བཅོལ་གྱི་འགན་བཅོལ་རིགས19བར་རྒྱ་བསྐྱེད་ཡོད་ལ།ནུས་ལྡན་སྒོས་ཁྱབ་ཁོངས་དེའི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྒྱུན་མཐུད་རང་བཞིན་འགན་སྲུང་བྱས།

གཏེར་ལན་ཁ་གྲོང་ཁྱེར་མཚོ་ཆུང་གྲོང་བརྡལ་གྱི་འབྲོག་པ་མང་ཚོགས་ཚེ་རིང་གི་སྒོ་ཕྱུགས་ལ་ཉིན་འདི་འགར་རིམས་ནད་ཕོག་ནས་འགན་བཅོལ་གྱི་སྐྱིན་ཚབ་ཐོབ་པ་དང་། ལུག་ཁྱུ་ལ་ནད་ཕོག་རྗེས། འགན་བཅོལ་ཀུང་སུས་ཉིན་དེར་གྱོང་གུན་གཏན་འཁེལ་གྱི་སྐྱིན་ཚབ་ཐག་གཅོད་ལེགས་འགྲུབ་བྱུང་། ཚེ་རིང་གི་མྱོང་བ་དེ་ནི་ས་གནས་དེའི་ཞིང་ལས་འགན་བཅོལ་ཞབས་ཞུ་མཐོར་འདེགས་ཀྱི་བསྡུས་གཟུགས་ལྟ་བུ་ཡིན་ལ། མཚོ་ནུབ་ཁུལ་གྱིས་དུས་ཚིགས་ལྟར་སྟེར་བ་དང་།ལོ་ལྟར་བསྡོམས་རྩིས་རྒྱག་པའི་ལམ་སྲོལ་སྤྱད་ནས། མ་དངུལ་འདང་ངེས་ཀྱིས་འགན་བཅོལ་གྲོན་དངུལ་ཁ་གསབ་གྲངས་འབོར་སྤྲོད་པ་དང་།དེ་བཞིན་ས་ཁུལ་དང་ཉེན་འགོག་རིགས་དབྱེ་བྱས་ནས་གྲངས་གཞིར་ཞིབ་བཤེར་བྱས་ཏེ།  ལོ་འཁོར་རྗེས་མའི་དགོས་མཁོ་སྔོན་ལ་སྙན་སེང་ཞུ་བ་སོགས་སྲིད་ཇུས་སྡེབ་སྒྲིག་ལག་བསྟར་བྱས་ནས། ཞིང་འབྲོག་ལས་ཐོན་སྐྱེད་གནད་ལ་འཁེལ་བའི་སྒོ་ནས་སྲུང་སྐྱོང་བྱས་ཡོད། ཞིང་ལས་འགན་བཅོལ་གྱི་རྒྱུན་གཏན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་བརྒྱུད་དེ་ཁུལ་དེས་འགན་བཅོལ་གྲོན་དངུལ་གྱི་རྨང་གཞིའི་གྲངས་གཞིའི་དོ་དམ་བྱ་བར་དུས་མཉམ་དུ་སྐུལ་འདེད་བཏང་ནས། ནོར་སྲིད་མ་དངུལ་ལ་སྐར་མ་རེ་རེའི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号