“མུའུ་ལན་གྱི་འཚར་ལོངས་འཆར་གཞི”ཡིས་མཚོ་སྔོན་བུད་མེད་སློབ་ཆེན་པའི་སློབ་གཉེར་ལས་སྐྲུན་ལ་གཞོགས་འདེགས་བྱས།
“རོགས་དངུལ་འདིས། ངེད་ཚང་གི་དཔལ་འབྱོར་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། ང་ལ་ཕུགས་བསམ་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ཡིས་ཆེས་བསྩལ” ཟླ3པའི་ཚེས24ཉིན། མཚོ་སྔོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུས་པའི“མུའུ་ལན་གྱི་འཚར་ལོངས་འཆར་གཞི”ཞེས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་སློབ་ཆེན་གྱི་རོགས་སྐྱོར་ཐོབ་པའི་སློབ་མའི་འཐུས་ཚབ་པ་ཀོའོ་ཁྲང་རོང་གིས་སེམས་འགུལ་ཐེབས་པའི་ངང་རང་ཉིད་ཀྱི་གཏམ་རྒྱུད་བཤད།
མཐོ་རིམ་སློབ་གྲྭའི་བུད་མེད་སློབ་ཆེན་པ་དག་གིས་འབད་བརྩོན་ལྷོད་མེད་ངང་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་དང་། ཁོ་མོ་ཚོ་བདེ་བླག་ངང་སློབ་མཐར་ཕྱིན་ནས་སྤྱི་ཚོགས་སུ་ཞུགས་ཏེ་ལས་སྐྲུན་ལས་ཞུགས་བྱེད་པར་སྐུལ་མ་གཏོང་ཆེད། 2024ལོར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ཧུར་བརྩོན་ངང་བརྩོན་ལེན་བྱས་པར་བརྟེན། ཐེངས་དང་པོར་ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག“མུའུ་ལན་འཚར་ལོངས་འཆར་གཞི”མཚོ་སྔོན་དུ་ལག་བསྟར་བྱས་པ་དང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱི་བུད་མེད་སློབ་གྲོགས30ལྷག་ལ་ཕན་བཏགས་ཡོད། ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱིས་སྟངས་འཛིན་ནན་མོ་དང་། ཧུར་བརྩོན་གྱིས་ཡིག་ཞུ་བྱས་ཏེ་དུས་ལྟར་ལས་གཞིའི་རོགས་དངུལ་སློབ་མ་ཚོའི་ལག་ཏུ་འབྱོར་བར་བྱས་ནས་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས། “མུའུ་ལན་འཚར་ལོངས་འཆར་གཞི”གོ་སྐབས་སུ་བཟུང་ནས། རོགས་དངུལ་ཐོབ་པའི་བུད་མེད་སློབ་ཆེན་པ་རྣམས་བདེ་བླག་ངང་སློབ་མཐར་ཕྱིན་པར་རོགས་སྐྱོར་བྱེད་པ་དང་མཉམ་དུ། ཕུལ་བྱུང་བུད་མེད་སློབ་ཆེན་པའི་མིག་དཔེ་འཛུགས་པ་དང་། བུད་མེད་སློབ་ཆེན་པས་ཧུར་བརྩོན་གྱིས་གསར་གཏོད་ལས་སྐྲུན་བྱེད་པར་སྐུལ་མ་བཏང་སྟེ། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་འགན་ཁྲོད་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པར་ཁོ་མོ་ཚོའི་སྟོབས་ཤུགས་འབུལ་བར་སྐུལ་མ་བཏང་།
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་སློབ་ཆེན་པས་ལས་སྐྲུན་ལས་ཞུགས་ལ་སྐུལ་མ་གཏོང་བ་དང་། དཀའ་ཁེག་ཅན་གྱི་བུད་མེད་སློབ་ཆེན་པར་རོགས་སྐྱོར་བྱེད་པའི་ཕྱོགས་ནས“ལས་སྐྲུན་ལས་ཞུགས་བྱེད་པར་ཁོ་མོའི་སྟོབས་ཤུགས་ཕུལ། ཕུགས་བསམ་བརྩོན་ལེན་བྱས་ཏེ་ཁོ་མོའི་འཇོན་ནུས་ངོམས ”ཞེས་པའི་བུད་མེད་སློབ་ཆེན་པའི་ལས་སྐྲུན་ལས་ཞུགས་སྣེ་ཁྲིད་ཚོགས་པས་སྤེལ་བའི་ལས་སྒོ་གསར་སྤེལ་གྱི་མདུན་སྐྱེད་གཏམ་རྒྱུད་མཉམ་སྤྱོད་བྱེད་སྒོ་དང་། དཔྱིད་རླུང་དང་འགྲོགས་ནས་ལས་གནས་སྐྱེལ་བ་དང་ལས་ཞུགས་ལ་སྐུལ་བའི་བུད་མེད་ཀྱི་ཆེད་དམིགས་གདན་ཞུའི་ཚོགས་འདུ་བསྡུས་པར་མ་ཟད། “དཔྱིད་དཔལ་འཆར་གཞི”དང“མུའུ་ལན་འཚར་ལོངས་འཆར་གཞི”ཞེས་པའི་སྤྱི་ཕན་ལས་གཞི་ལག་བསྟར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注