མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་པ།

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་། དུས་ཚིགས་དང་པོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། དམིགས་འབེན་ལས་འགན་སྔར་ལས་ཇེ་གསལ་དུ་གཏོང་བ་དང་། བྱ་བའི་གཙོ་གནད་ཡང་དག་པར་བཙལ་བ། གཙོ་བོར་དམིགས་ནས་གནད་འཁེལ་ཤུགས་འདོན་བྱེད་པ། བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་མྱུར་དུ་དངོས་འབེབས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། སྔར་ལས་ཤུགས་དྲག་པའི་ཁག་ཁུར་དང་སྔར་ལས་ནུས་ཡོད་ཀྱི་བྱེད་ཐབས། སྔར་ལས་ཧུར་ཐག་གི་བྱེད་ཕྱོགས་ལ་བརྟེན་པ་དང་། སྤུས་ཚད་ཕན་འབྲས་མཐོ་བའི་སྒོ་ནས་ལས་དོན་ཁག་སོ་སོ་ལེགས་འགྲུབ་བྱས་ཏེ། རྒྱལ་ཁ་བརྩོན་ལེན་གྱི་གནད་འགག་ལས་སྒྲོལ་བར་འབད་འབུངས་མཐའ་འཁྱོལ་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་ལེགས་ངང་འགྲུབ་པར་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། རང་འགུལ་གྱི་བྱེད་ཕྱོགས་དང་སྔོན་ཐོན་བརྩོན་ལེན་བྱས་ནས། བྱ་བའི་བརྒལ་གཏོར་གནས་དང་ཤུགས་འདོན་ས་ཡང་དག་པར་འཚོལ་དགོས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དཀའ་གནད་སེལ་བ་དང་། འཕེལ་རིམ་འདེད་པ། མི་འདང་ས་གསབ་པ། སྦས་ཤུགས་སྔོག་འདོན་བྱས་ནས། བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས། ཐོན་ལས་དམིགས་སུ་བཟུང་ནས་ཐོན་གྲངས་འཕར་བ་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་འབོར་བརྟན་པོ་དང་། བཟོ་ལས་འཛུགས་སྐྲུན་ལས་རིགས་བརྟན་པོར་འཕར་བ། ཞབས་ཞུའི་ལས་རིགས་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བའི་མཁྲེགས་གཏོར་ལས་དོན་ཡག་པོར་སྒྲུབ་དགོས་ལ། གསོག་འབོར་སྔོག་འདོན་དང་གཅིག་འདོམས་ནན་འཛིན་བྱེད་པ། འཕར་གྲངས་རྒྱ་སྐྱེད་དང་སྔོན་དཔག་ཤུགས་དྲག་ཏུ་བཏང་ནས། ཐོན་ལས་རིགས་གསུམ་གྱིས་མཐུན་སྦྱོར་མཉམ་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས། ལས་གཞིར་དམིགས་ནས་དངུལ་གཏོང་རྒྱ་བསྐྱེད་དེ། གཙོ་བོ་གཉིས་ཀྱི་ལས་གཞི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ལས་གཞི་གལ་ཆེན་སྔ་མོ་ནས་བསྐྱར་ལས་དང་སྔ་མོ་ནས་ལས་མགོ་རྩོམ་པར་སྐུལ་འདེད་གཏོང་བ། ལས་གཞིའི་སྔོན་སྐབས་ཀྱི་བྱ་བ་སྤུས་ནུས་ཇེ་ཆེར་བཏང་ནས། སྔར་ལས་མང་བའི་དངོས་ཡོད་བྱ་བའི་ནུས་ཚད་མྱུར་དུ་གྲུབ་པར་བརྩོན་ལེན་བྱེད་དགོས། གནད་འགག་ལ་དམིགས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། འཛད་སྤྱོད་མཐོར་འདེགས་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་རྒྱ་བསྐྱེད་པར་ཤུགས་སྣོན་པ། སྣ་འཛོམས་ཚོང་རྫས་འཛད་སྤྱོད་བྱེད་པ་བརྟན་པོར་གཏོང་བ། ཞབས་ཞུའི་འཛད་སྤྱོད་ཁྱབ་ཆེར་བཏང་ནས་འཛད་སྤྱོད་བཟང་ཕྱོགས་སུ་འཕེལ་བ་དང་རྒྱ་སྐྱེད་ནུས་སྤེལ་ཐུབ་པར་མྱུར་དུ་སྐུལ་འདེད་གཏོང་དགོས། འགན་འཁྲིར་དམིགས་ནས་བཀོད་གཏོང་ཤུགས་དྲག་ཏུ་བཏང་སྟེ། བཟང་ཕྱོགས་བརྟན་པོ་དང་ལེགས་པ་སྲ་བརྟན་དུ་གཏོང་བ། སྦས་ཤུགས་སྔོག་འདོན་ལ་ཤུགས་སྣོན་པ། འཕར་སྣོན་གྱིས་གསབ་སྤྲོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་ཤུགས་གཅིག་བསྡུས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང2025ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་ཇུས་གཞིར་གྲོས་ཞིབ་བྱས། བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་རེའུ་མིག་དང་ཚོང་འགུག་རེའུ་མིག་མྱུར་དུ་སྒྲིག་བཟོ་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཚོང་འགུག་ལས་གཞིའི་མཛོད་བཙུགས་ནས། ཚོང་འགུག་དངུལ་འདྲེན་གྱི་གནད་འཁེལ་རང་བཞིན་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། བྱ་བའི་ནུས་ཚད་ཇེ་ཆེར་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་ཁུངས་གསར་པ། རིག་གནས་སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས། ལྗང་མདོག་རྩིས་ནུས། སྔོན་ཐོན་བཟོ་བསྐྲུན་ལས་རིགས་སོགས་ཐོན་ལས་གཙོ་བོར་དམིགས་ཏེ། བྱ་འགུལ་གྲ་སྒྲིག་དང་སྦྲེལ་མཐུད་གྲོས་མོལ། ལས་གཞི་དོན་འཁྱོལ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས་ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩོལ་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་དང་། ཞབས་ཞུའི་ཁེ་ལས་དང་། ཞབས་ཞུའི་ལས་གཞིའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། གསལ་ཞིང་བརྟན་པ་དང་འདྲ་མཉམ་ཡིན་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས《ཞིང་ཆེན་སྲིད་གཞུང་མགོ་ཁྲིད་ཀྱི2025ལོའི་ལོ་ཧྲིལ་བོའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ལས་འགན་གསལ་ཐོ》དང་། 《རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི(2025ལོ་ནས2027ལོའི་བར)》ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号