• མཚོ་སྔོན་གྱིས་ཚན་རྩལ་ཤེས་ལྡན་མི་སྣའི་རིགས་དབྱེ་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་ལ་གང་མགྱོགས་སྐུལ་འདེད་བཏང་བ།


     ཉིན་ཤས་གོང་། 《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་རིགས་དབྱེ་གདེང་འཇོག་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)དངོས་སུ་བཏོན་ཞིང་། 《ཇུས་གཞིའི》ནང་ཚན་རྩལ་ཤེས་ལྡན་མི་སྣའི་རིགས་དབྱེ་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་ལ་དམ་པོར་དམིགས་པ་དང་ཚན་རྩལ་ཤེས་ལྡན་མི་སྣའི་གསོན་ཤུགས་འཕེལ་གང་ཐུབ་བྱས་ཏེ། གསར་གཏོད་ནུས་པ་དང་། སྤུས་ཚད། ལེགས་སྐྱེས། ཕན་འབྲས་བཅས་སྟོན་ཕྱོགས་སུ་བྱས་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

    《ཇུས་གཞིའི》ནང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་ལས་དོན་གྱི་ངོ་བོ་དང་ཚན་རྩལ་བྱེད་སྒོའི་ཁྱད་ཆོས་ལ་གཞིགས་ཏེ། ཚན་རྩལ་ཤེས་ལྡན་མི་སྣ“རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ”དང་། “ཉེར་སྤྱོད་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་གྱི་ཤེས་ལྡན་མི་སྣ”“སྤྱི་ཚོགས་སྤྱི་ཕན་ཞིབ་འཇུག་དང་། ཚན་རྩལ་དོ་དམ་ཞབས་ཞུ། ཚོད་ལྟའི་ལག་རྩལ་གྱི་ཤེས་ལྡན་མི་སྣ”བཅས་རིགས་གསུམ་དུ་ཕྱེ་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་སྲོལ་ཁྲོད་གནས་པའི་རིགས་དབྱེ་གདེང་འཇོག་མི་འདང་བ་དང་། གདེང་འཇོག་གི་ཚད་གཞི་སྣ་གཅིག་ཡིན་པ། གདེང་འཇོག་བྱེད་ཐབས་གཅིག་མཚུངས་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། དཔྱད་རྩོམ་དང་། ཁེ་བེད་བདག་ཐོབ། རྣམ་གྲངས། གྲོན་དངུལ་བཅས་ཀྱི་གྲངས་འབོར་སོགས་ཚན་རྩལ་ཤེས་ལྡན་མི་སྣར་གདེང་འཇོག་དང་ཐད་ཀར་འབྲེལ་བ་ཡོད་པའི་ཕྱོགས་རེ་བའི་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ། སློབ་རྒྱུས་དང་། འོས་ཐོབ། དཔྱད་རྩོམ། བྱ་དགའ་བཅས་ཁོ་ན་གཙོ་བོར་བྱེད་པ་དང་དེ་བཞིན“ཞྭ་མོ”ཁོ་ན་སོགས་ཀྱི་ཕྱོགས་ལྷུང་སེལ་བ། གདེང་འཇོག་གི་ཚད་གཞི་ལུགས་མཐུན་ངང་བཟོ་བ་དང་བེད་སྤྱོད་ལུགས་མཐུན་བཅས་བྱས་ཏེ། རིགས་མི་འདྲ་བའི་ཚན་རྩལ་ཤེས་ལྡན་མི་སྣར“ཚད་གཞི་གཅིག་ཁོ་ན་འཛིན་པའི”གནད་དོན་སྔོན་འགོག་བྱེད་པ་དང་ཤེས་ལྡན་མི་སྣ་མི་འདྲ་བར་ཧེ་བག་ཡོད་པའི་གདེང་འཇོག་བྱེད་དགོས་ལུགས་བཏོན་ཡོད།

    《ཇུས་གཞིའི》ནང་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་ཁྱབ་ཁོངས་དང་ལས་གནས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ཀུན་སྤྱོད་དང་། འཇོན་ཐང་། ལས་རྗེས། ལེགས་སྐྱེས་སོགས་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ཚད་གཞི་དང་དམིགས་ཚད་ཁ་གསལ་བཏོན་ཡོད་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号