ཀན་སུའུ་དང་མཚོ་སྔོན་གྱིས་ལག་གདང་སྦྲེལ་ནས་བྱེ་ཐང་ཅན་འགོག་བཅོས་དང“བྱང་གསུམ”བཟོ་སྐྲུན་ལ་སྐུལ་འདེད་བཏང་།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་བར་གྱི་ས་མཚམས་ལས་བརྒལ་བའི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང་། དེ་མིན“བྱང་གསུམ”སོགས་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རྨ་ནུབ་དོག་ལམ་དང་ཐ་ཁི་ལ་མཱ་ཀན་བྱེ་ཐང་གི་མུ་འགྲམ་གྱི་བྱ་བ་ཡག་པོར་སྒྲུབ་ཆེད། ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་། ཀན་སུའུ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ལན་ཀྲོའུ་རུ《ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད།
ཕྱོགས་གཉིས་ཀྱིས་སྲུང་སྐྱོབ་ལ་ཤུགས་སྣོན་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་འགོག་བཅོས། གཙོ་གནད་འབུར་ཐོན། ལམ་སྲོལ་གསར་གཏོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། ཡུན་རིང་བརྟན་བརླིང་དང་དངོས་སྒྲུབ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ་བཙུགས་ནས། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་མེད་པར་བཟོས་ནས། རྨ་ནུབ་དོག་ལམ་དང་ཐ་ཁི་ལ་མཱ་ཀན་བྱེ་ཐང་གི་མུ་འགྲམ་བྱ་བ་ཡག་པོ་སྒྲུབ་པར་དམིགས་ཏེ། རི་བོ་གཅིག་དང་ཆུ་བོ་གཅིག ཁྱུ་ཚོགས་གཅིག་བཅས་ལ་དམིགས་ཏེ། བྱེ་ཐང་ཅན་དུ་འགྱུར་བ་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ས་ཁོངས་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་གསར་པ་ཞིག་གཏོད། 2030ལོར་སླེབས་སྐབས། ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་བརྒལ་བའི་ས་ཁོངས་སུ་བྱེ་ཐང་འགོག་བཅོས་དང་མཐའ་བཀག་གི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས། “ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པ”འཛུགས་སྐྲུན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་འདེགས་སྐྱོར་བཟང་པོ་འདོན་སྤྲོད་བྱ་རྒྱུ་རེད།
《གྲོས་ཆོད》ནང་ཕྱོགས་གཉིས་ཀྱིས་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་འགོ་ཁྲིད་ཚན་ཆུང་འཛུགས་པ་དང་། འབྲེལ་གཏུག་གཞུང་སྒྲུབ་ཁང་འཛུགས་པ། མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་འཛུགས་པ། བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་བསྟར་བཅས་བྱེད་རྒྱུ་ཡིན་པ་མ་ཟད། དུས་ཐོག་ཏུ་མཉམ་འབྲེལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་སྐོར་ཞིབ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས། འཆར་གཞི་ལྟར་ན2025ལོར་སླེབས་སྐབས་ཀན་སུའུ་དང་མཚོ་སྔོན་གྱི་ས་ཁོངས་ལས་བརྒལ་བའི་ཐང་རྒོད་ཅན་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཀྱི་རྐྱེན་སྲོལ་གཞི་རྩའི་སྟེང་འཛུགས་རྒྱུ་ཡིན་པ་དང་། “མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་།”“ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཆུ་སྲུང་འཛིན་གྱི་ནགས་རྩྭའི་ས་རྒྱུད”ཀྱི་འགོག་སྲུང་སྒྲོམ་གཞི་གཞི་རྩའི་སྟེང་འགྲུབ་པར་བྱ་རྒྱུ་རེད།
《གྲོས་ཆོད》ནང་གཙོ་གནད་ལས་འགན་མང་པོ་ཞིག་ལ་དམིགས་ཏེ། མདོ་ལ་རིང་མོའི་ས་ཁུལ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་འབྲེལ་མཚམས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་འཆར་འགོད་དང་། བྱེ་འགོག་བྱེ་བཅོས་དང“བྱང་གསུམ”གྱི་དུས་སྐབས་དྲུག་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་ཏེ། མདོ་ལ་རིང་མོའི་ས་ཁུལ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཆེན་པོ་གཉིས་བསྐྲུན་རྒྱུ་ཡིན་པ་དང་། ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཆུ་སྲུང་འཛིན་གྱི་ནགས་དང་རྩྭ་སའི་ཁུལ་འཛུགས་སྐྲུན་བྱས་ཏེ་ས་ཁོངས་ཀྱི་ས་ཆུ་སྲུང་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། ཉམས་ཞན་རྩྭ་ཐང་སླར་གསོ་བྱེད་པ། ཁྱད་ལྡན་ནགས་ཚལ་དང་རྩྭ་རའི་ཐོན་ལས་སྐྱེད་སྲིང་བཅས་བྱ་རྒྱུ་རེད། མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། ཆུ་ཁུངས་གསོ་གསོག་ནུས་པ་ཆེ་རུ་བཏང་ནས་གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། “བྱེ་འགོག་འགོག་སྲུང་འཛིང་རགས་ཆེན་པོ་གསུམ”བསྐྲུན་ནས་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ་བྱེ་འགྱུར་དང་ས་ཆུ་ཤོར་བའི་ས་ཞིང་བཅོས་སྒྲིག་བྱེད་པ། ས་ཁོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་བསྣན་ནས་གཏོར་བཤིག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད། མཉམ་འབྲེལ་སྒོས་ཚན་རྩལ་གསར་གཏོད་བྱེད་པ་དང་སྤྱོད་གོ་ཆོད་པའི་སྐྱེ་ཁམས་བཅོས་སྐྱོང་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་གནོད་འཚེ་སྔོན་འགོག་གི་མཉམ་ལས་རྐྱེན་སྲོལ་བཙུགས་ནས་སྒྲིག་ཆས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་མཉམ་དུ་སྲུང་སྐྱོབ་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注