«ཁྲི་ཤོར་རྒྱལ་མོའི»རྩོམ་བསྡུའི་བརྡ་སྦྱོར།
རྒྱ་ཆེ་བའི་རྩོམ་པ་པོ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་དོན།
«ཁྲི་ཤོར་རྒྱལ་མོ»ཞེས་པའི་རྩོམ་རིག་གི་དེབ་འདི་ནི། མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་དང་འགྲེམ་སྤེལ་བྱེད་བཞིན་ཡོད་པའི་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག བསྒྱུར་རྩོམ། དཔྱད་རྩོམ། ཆུང་འབྲིང་སློབ་མའི་བརྩམས་ཆོས། པར་རིས་སོགས་འདུས་པའི་ནང་དོན་སྣ་འཛོམས་ཅན་གྱི་ལོ་ཕྱེད་དེབ་ཅིག་ཡིན།
འདིར2025ལོའི་དེབ་དང་པོ་སྟེ། སྤྱིའི་འདོན་ཐེངས37པའི་རྩོམ་བསྡུའི་བྱ་བ་དངོས་སུ་མགོ་བརྩམས་ཡོད་པས། རྒྱ་ཆེའི་གསར་རྩོམ་ལ་དགའ་མོས་ཡོད་པའི་རྩོམ་པ་པོ་དག་གིས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་འོག་སྲིད་དོན་དྲིལ་སྒྲོག་གི་སྐོར་དང་། མི་རིགས་མཐུན་སྒྲིལ་གྱི་སྐོར། དམངས་ཚིས་འཕེལ་རྒྱས་ཀྱི་སྐོར། སྒྱུ་རྩལ་ཕུགས་འདུན་གྱི་སྐོར་སོགས་ཀྱི་བརྗོད་བྱ་གཞིར་བཟུང་སྟེ་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ཀྱི་གནས་བབ་མཚོན་པའི་བརྩམས་ཆོས་སྣ་ཚོགས་ངེད་རྩོམ་སྒྲིག་ཁང་ལ་དུས་ལྟར་བསྐུར་ཡོང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ལགས།
རྩོམ་བསྡུའི་ཆ་རྐྱེན།
རྩོམ་ཡིག་གི་ནང་དོན་དང་ཡི་གེའི་དག་ཆ་ལ་རྩོམ་པ་པོ་རང་ཉིད་ཀྱིས་དོ་སྣང་བྱེད་དགོས་པ་མ་ཟད། ཚགས་པར་དང་དུས་དེབ་གཞན་གྱི་སྟེང་མ་བཀོད་པའི་བརྩམས་ཆོས་གསར་བ་ཡིན་དགོས། གཞན་རྩོམ་བཤུས་པ་དང་བསྒྱུར་བ་སོགས་བྱས་ཏེ་རང་མིང་བཀོད་ནས་བསྐུར་མི་ཆོག་ལ། གལ་སྲིད་དེ་འདྲའི་སྣང་ཚུལ་ཡོད་ཚེ་འགན་རྩོམ་པ་པོ་རང་ཉིད་ཀྱིས་འཁུར་དགོས།
དཔྱད་རྩོམ་གྱི་མཆན་ཚང་མ་རྩོམ་ཡིག་གི་མཇུག་ཏུ་འགོད་དགོས་ཏེ། དཔེར་ན། 1 འབའ་བ་སྐལ་བཟང་འགྱུར་མེད། སྐུལ་ཚིག་ཐོབ་ཐང་སྐོར་གྱི་ཆོས་ཉིད་རྙེད་ཚུལ་གླེང་བ། [J] 1994ལོའི་བོད་ལྗོངས་ཞིབ་འཇུག་དེབ་དང་པོ། P.40 ལྟ་བུ།
བསྐུར་བྱའི་རྩོམ་ཡིག་ཚང་མ་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས་ལ། wordཡི་རྣམ་པས་གཤམ་གྱི་གློག་རྡུལ་ཡིག་ཟམ་དུ་བསྐུར་དགོས།
རྩོམ་ཡོན་དང་དུས་དེབ་བསྐུར་བདེ་བའི་ཆེད་དུ། རྩོམ་ཡིག་གི་མཇུག་ཏུ་རྒྱ་ཡིག་གི་ལམ་ནས་རྩོམ་པ་པོའི་དངོས་མིང་དང་སྡོད་གནས། འབྲེལ་གཏུགས་ཁ་པར། སྦྲག་སྲིད་ཨང་གྲངས་སོགས་གསལ་བོར་འབྲི་དགོས།
རྩོམ་བསྡུའི་དུས་ཡུན། 2024ལོའི་ཟླ12པོའི་ཚེས2ཉིན་ནས་ཟླ1པའི་ཚེས10བར་ཡིན།
གློག་རྡུལ་ཡིག་ཟམ། cxjmbjb@126.com
འབྲེལ་གཏུགས་ཁ་པར། 18298433344
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི«ཁྲི་ཤོར་རྒྱལ་མོ»རྩོམ་སྒྲིག་ཁང་གིས།2024ལོའི་ཟླ12པར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注