གུང་ཧོ་རྫོང་གིས་ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཇེ་ལེགས་སུ་འགྲོ་བར་སྐུལ་སྤེལ་བྱས་པ།
ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཁྱོན་ཡོངས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི“བཙན་རྫོང་བཟོ་འགོད”ལག་བསྟར་བྱེད་པ་དེ་འགོ་རྩོམ་ས་བྱེད་པ། ཁུངས་གནས་འཛིན་པ་དང་རྩ་བ་བཅོས་སྐྱོང་བྱེད་པ། རྨང་གཞི་སྟོབས་ལྡན་དུ་གཏོང་བ། དཔེ་མཚོན་འཛུགས་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི“ལྡོག་ཕྱོགས་བསླབ་དེབ”དེ“དྲང་ཕྱོགས་ཀྱི་དཔེ་མཚོན”དུ་འགྱུར་བར་བྱས་ཏེ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཇེ་ལེགས་སུ་འགྲོ་བར་སྐུལ་སྤེལ་བྱས།གུང་ཧོ་རྫོང་གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སྡེ་བའི་སྤྱིའི་གནས་ཚུལ་དང་སྡེ་བ་རིམ་པའི་རྩ་འཛུགས། སྡེ་བའི་ལས་བྱེད་པའི་དཔུང་སྡེ། ཏང་ཡོན་དཔུང་སྡེ། སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས། སྡེ་བ་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་དམིགས་པ་དང་། ཁྱོན་ཡོངས་སུ་ཁེབས་པའི“སྡེ་བའི་གནས་ཚུལ་དང་ཡིག་ཚགས”བཟོས་ཏེ། གནད་དོན་དང་འགན་འཁྲི། འགན་ཁུར་གྱི“ཞིབ་ཐོ་གསུམ”བཙུགས། རྫོང་ཡོངས་ཀྱི་སྡེ་ཁག12ཀྱིས་ཆེད་ལས་འཛིན་གྲྭ་བཙུགས་ཏེ་ཕྱོགས་གཅིག་ལ་ཤུགས་བཏོན་པ་དང་། སྡེ་མི་དང་ཏང་ཡོན་ལ་བཅར་འདྲི་ཐེངས་གཅིག་དང་ལྟ་སྦྱོང་དང་ཕན་ཚུན་ལ་སློབ་སྦྱོང་ཐེངས་གཅིག་བྱེད་པ། སྡེ་བ་རིམ་པའི་དཔུང་སྡེ་གཅིག་སྟོབས་ལྡན་དུ་གཏོང་བ། སྡེ་སྲོལ་གྱི་སྒོ་བྱང་གཅིག་བཟོ་བ། གཙོ་གནད་མི་སྣ་ཁག་ཅིག་བཅོས་སྐྱོང་བྱེད་པ། འགལ་བ་ཚབས་ཆེན་ཁག་ཅིག་བསལ་བ། དགེ་མཚན་ལྡན་པའི་ཐོན་ལས་ཁག་ཅིག་འཕེལ་རྒྱས་བཏང་བ་བརྒྱུད། སྡེ་དམངས་ལ་དངོས་གནས་བཅོས་སྐྱོང་ལས་ཐོན་པའི་འགྱུར་ལྡོག་དང་གྲུབ་འབྲས་མྱོང་དུ་བཅུག་པར་མ་ཟད། ཕན་ཚུན་ལ་རོགས་རེས་དང་མཉམ་སྐྱོང་གི་ལུགས་སྲོལ་བཟང་པོ་ཞིག་ཆགས་སུ་བཅུག །
ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཁྱོན་ཡོངས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི“བཙན་རྫོང་བཟོ་འགོད”ལག་བསྟར་བྱེད་པ་དེ་འགོ་རྩོམ་ས་བྱེད་པ། ཁུངས་གནས་འཛིན་པ་དང་རྩ་བ་བཅོས་སྐྱོང་བྱེད་པ། རྨང་གཞི་སྟོབས་ལྡན་དུ་གཏོང་བ། དཔེ་མཚོན་འཛུགས་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི“ལྡོག་ཕྱོགས་བསླབ་དེབ”དེ“དྲང་ཕྱོགས་ཀྱི་དཔེ་མཚོན”དུ་འགྱུར་བར་བྱས་ཏེ། ནུས་མེད་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཇེ་ལེགས་སུ་འགྲོ་བར་སྐུལ་སྤེལ་བྱས།
གུང་ཧོ་རྫོང་གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སྡེ་བའི་སྤྱིའི་གནས་ཚུལ་དང་སྡེ་བ་རིམ་པའི་རྩ་འཛུགས། སྡེ་བའི་ལས་བྱེད་པའི་དཔུང་སྡེ། ཏང་ཡོན་དཔུང་སྡེ། སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས། སྡེ་བ་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་དམིགས་པ་དང་། ཁྱོན་ཡོངས་སུ་ཁེབས་པའི“སྡེ་བའི་གནས་ཚུལ་དང་ཡིག་ཚགས”བཟོས་ཏེ། གནད་དོན་དང་འགན་འཁྲི། འགན་ཁུར་གྱི“ཞིབ་ཐོ་གསུམ”བཙུགས། རྫོང་ཡོངས་ཀྱི་སྡེ་ཁག12ཀྱིས་ཆེད་ལས་འཛིན་གྲྭ་བཙུགས་ཏེ་ཕྱོགས་གཅིག་ལ་ཤུགས་བཏོན་པ་དང་། སྡེ་མི་དང་ཏང་ཡོན་ལ་བཅར་འདྲི་ཐེངས་གཅིག་དང་ལྟ་སྦྱོང་དང་ཕན་ཚུན་ལ་སློབ་སྦྱོང་ཐེངས་གཅིག་བྱེད་པ། སྡེ་བ་རིམ་པའི་དཔུང་སྡེ་གཅིག་སྟོབས་ལྡན་དུ་གཏོང་བ། སྡེ་སྲོལ་གྱི་སྒོ་བྱང་གཅིག་བཟོ་བ། གཙོ་གནད་མི་སྣ་ཁག་ཅིག་བཅོས་སྐྱོང་བྱེད་པ། འགལ་བ་ཚབས་ཆེན་ཁག་ཅིག་བསལ་བ། དགེ་མཚན་ལྡན་པའི་ཐོན་ལས་ཁག་ཅིག་འཕེལ་རྒྱས་བཏང་བ་བརྒྱུད། སྡེ་དམངས་ལ་དངོས་གནས་བཅོས་སྐྱོང་ལས་ཐོན་པའི་འགྱུར་ལྡོག་དང་གྲུབ་འབྲས་མྱོང་དུ་བཅུག་པར་མ་ཟད། ཕན་ཚུན་ལ་རོགས་རེས་དང་མཉམ་སྐྱོང་གི་ལུགས་སྲོལ་བཟང་པོ་ཞིག་ཆགས་སུ་བཅུག །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注