ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་བྱ་བར་རྟོག་ཞིབ་བྱས།
འཕྲིན་གཏོང་པ། ཚེ་རིང་དོན་གྲུབ།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་བཙུགས་རྗེས་ཀྱི་ཁྲིམས་བསྟར་འཁོར་སྐྱོད་གནས་ཚུལ་དང་འཕྲད་པའི་དཀའ་ཁག་སོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཉེ་སྔོན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་སྣེ་ཁྲིད་དེ་ཐུན་ཏེ་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཞང་གྲོང་ཁག་དང་ཁྲིམས་འཛིན་ལས་ཁུངས་ཁག་རྩ་འཛུགས་སྒོས་བཞུགས་མོལ་ཚོགས་འདུ་འཚོགས།དབང་ཕྱུག་གིས་བསྟན་དོན། ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་ལྟར། ཐུན་ཏེ་རྫོང་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། འོན་ཀྱང་དུས་མཚུངས་སུ་གནད་དོན་དང་དཀའ་ཁག་ཀྱང་མི་ཉུང་བ་ཞིག་ལ་འཕྲད་ཡོད། རྫོང་ཕྱོགས་བསྡུས་ཁྲིམས་བསྟར་གྱིས་གྲོང་ཁྱེར་དོ་དམ་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ཕྱུགས། ཆུ་བེད། མཁོ་སྒྲུབ། རིག་གནས། ངལ་རྩོལ་ལྟ་ཞིབ་སོགས་སྡེ་ཁག7གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཀ་ཕྱོགས་གཅིག་ཏུ་བསྡུས་ཏེ་བཅོས་བསྒྱུར་གྱི་ཁྱབ་རྒྱ་ཆེ་བ་དང་། དོན་དག་མང་བ། སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་སོ་སོས་གནད་དོན་དང་འབྲས་བུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། འབྱུང་གནས་འཚོལ་ནུས་འཚོལ་ཞིབ། རིམ་པ་མང་བའི་ཁྲིམས་བསྟར་དང་སྣེ་མང་ཁྲིམས་བསྟར་གྱི་གནད་དོན་ལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དུས་རིམ་ཁག་གི་འགན་འཁྲི་ནན་མོར་གཏོང་བ་དང་། ཁྲིམས་བསྟར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས།དབང་ཕྱུག་གིས་ནན་གྱིས་བསྟན་དོན། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་དཀར་ཆག་སྒྲིག་བཟོ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྡེ་ཁག་སོ་སོའི་དབང་ཆའི་འགན་འཁྲིའི་གསལ་ཐོ་ལེགས་སྒྲིག་བྱེད་དགོས་ཤིང་། ཁྲིམས་བསྟར་ཀྱི་བདེན་དཔང་དང་ཁྲིམས་བསྟར་མཐའ་མཚམས་གསལ་འབྱེད་བྱེད་དགོས་པ་དང་། ད་ཡོད་མི་སྣའི་དོ་དམ་ལ་ཤུགས་སྣོན་པ། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲིའི་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། རྫོང་ཡོངས་ཀྱི་གནས་ཚུལ་དངོས་ཁོང་དུ་བརྟན་པོར་ཆུད་པ་དང་། སྡེ་ཁག་སོ་སོའི་སྟོབས་ཤུགས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡག་པོ་བཅས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དོ་དམ་དང་བགྲོད་ལམ་འགྲིམ་འགྲུལ། བདེ་འཇགས་ཐོན་སྐྱེད། རིག་གནས་ཚོང་ར་དང་ངལ་རྩོལ་ལྟ་ཞིབ་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་། ཁྲིམས་བསྟར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་མ་ཟད། རང་ངོས་འཛུགས་སྐྱོང་དང་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཁྲིམས་བསྟར་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དཔྱད་ཞིབ་དང་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལམ་སྲོལ་གྱིས་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ཉམས་སད་ཐེག་པ། འཇོན་ནུས་ཉམས་སད་ཐེག་པ། སྤྱོད་ཚུལ་ཉམས་སད་ཐེག་པ། དུས་རབས་གསར་པའི་ཁྲིམས་བསྟར་དཔུང་ཁག་དང་འཚམ་པ་བཅས་བྱས་ནས་ཁྲིམས་སྐྱོང་སྤྱི་ཚོགས་དང་། ཐུན་ཏེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ལ། ཞང་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོས་རྫོང་ཡོངས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོར་འཛུགས་དགོས།ཚོགས་འདུ་གྲོལ་རྗེས། དབང་ཕྱུག་རྫོང་ཕྱོགས་བསྡུས་ཚོང་ར་དང་བྱང་སྐོར་ལམ་སོགས་སུ་སོང་ནས་ཁོར་ཡུག་གཙང་སྦྲ་དང་ལམ་བདག་བཟུང་བྱས་ནས་ཚོང་ལས་གཉེར་སྐྱོང་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནད་དོན་ལ་དམིགས་ནས་སྡེ་ཁག་ཕན་ཚུན་མཐུན་སྦྱོར་མཉམ་འབྲེལ་བྱས་ཏེ། ཕྱུགས་ཟོག་གང་འདོད་དུ་སྲང་ལམ་དུ་གཏོང་བ་དང་གད་སྙིགས་གང་འདོད་དུ་འཕེན་པ། ལམ་བདག་བཟུང་བྱས་ནས་ཚོང་གཉེར་བ། སྣུམ་དུད་གང་བྱུང་དུ་གཏོང་བ། སྒེར་གྱིས་གང་འདོད་དུ་འཛུགས་སྐྲུན་བྱེད་པ། ཐང་ཁྲོམ་གང་འདོད་དུ་འཁོར་སྐྱོད་བྱེད་པ་སོགས་གྲོང་ཁྱེར་གྱི་སྣང་བརྙན་ངན་པ་བཅོས་སྐྱོང་དང་། བཅོས་སྐྱོང་གཙོ་གནད་དུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བསྟར་སྟོབས་ཤུགས་ཚད་ལྡན་ཅན་དུ་གཏོང་དགོས།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཧྲན་ཏན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད། མཉམ་དུ་རྟོག་ཞིབ་བྱས།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་བཙུགས་རྗེས་ཀྱི་ཁྲིམས་བསྟར་འཁོར་སྐྱོད་གནས་ཚུལ་དང་འཕྲད་པའི་དཀའ་ཁག་སོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཉེ་སྔོན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་སྣེ་ཁྲིད་དེ་ཐུན་ཏེ་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཞང་གྲོང་ཁག་དང་ཁྲིམས་འཛིན་ལས་ཁུངས་ཁག་རྩ་འཛུགས་སྒོས་བཞུགས་མོལ་ཚོགས་འདུ་འཚོགས།
དབང་ཕྱུག་གིས་བསྟན་དོན། ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་ལྟར། ཐུན་ཏེ་རྫོང་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། འོན་ཀྱང་དུས་མཚུངས་སུ་གནད་དོན་དང་དཀའ་ཁག་ཀྱང་མི་ཉུང་བ་ཞིག་ལ་འཕྲད་ཡོད། རྫོང་ཕྱོགས་བསྡུས་ཁྲིམས་བསྟར་གྱིས་གྲོང་ཁྱེར་དོ་དམ་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ཕྱུགས། ཆུ་བེད། མཁོ་སྒྲུབ། རིག་གནས། ངལ་རྩོལ་ལྟ་ཞིབ་སོགས་སྡེ་ཁག7གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཀ་ཕྱོགས་གཅིག་ཏུ་བསྡུས་ཏེ་བཅོས་བསྒྱུར་གྱི་ཁྱབ་རྒྱ་ཆེ་བ་དང་། དོན་དག་མང་བ། སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་སོ་སོས་གནད་དོན་དང་འབྲས་བུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། འབྱུང་གནས་འཚོལ་ནུས་འཚོལ་ཞིབ། རིམ་པ་མང་བའི་ཁྲིམས་བསྟར་དང་སྣེ་མང་ཁྲིམས་བསྟར་གྱི་གནད་དོན་ལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དུས་རིམ་ཁག་གི་འགན་འཁྲི་ནན་མོར་གཏོང་བ་དང་། ཁྲིམས་བསྟར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས།
དབང་ཕྱུག་གིས་ནན་གྱིས་བསྟན་དོན། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་དཀར་ཆག་སྒྲིག་བཟོ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྡེ་ཁག་སོ་སོའི་དབང་ཆའི་འགན་འཁྲིའི་གསལ་ཐོ་ལེགས་སྒྲིག་བྱེད་དགོས་ཤིང་། ཁྲིམས་བསྟར་ཀྱི་བདེན་དཔང་དང་ཁྲིམས་བསྟར་མཐའ་མཚམས་གསལ་འབྱེད་བྱེད་དགོས་པ་དང་། ད་ཡོད་མི་སྣའི་དོ་དམ་ལ་ཤུགས་སྣོན་པ། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲིའི་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། རྫོང་ཡོངས་ཀྱི་གནས་ཚུལ་དངོས་ཁོང་དུ་བརྟན་པོར་ཆུད་པ་དང་། སྡེ་ཁག་སོ་སོའི་སྟོབས་ཤུགས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡག་པོ་བཅས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དོ་དམ་དང་བགྲོད་ལམ་འགྲིམ་འགྲུལ། བདེ་འཇགས་ཐོན་སྐྱེད། རིག་གནས་ཚོང་ར་དང་ངལ་རྩོལ་ལྟ་ཞིབ་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་། ཁྲིམས་བསྟར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་མ་ཟད། རང་ངོས་འཛུགས་སྐྱོང་དང་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཁྲིམས་བསྟར་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དཔྱད་ཞིབ་དང་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལམ་སྲོལ་གྱིས་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ཉམས་སད་ཐེག་པ། འཇོན་ནུས་ཉམས་སད་ཐེག་པ། སྤྱོད་ཚུལ་ཉམས་སད་ཐེག་པ། དུས་རབས་གསར་པའི་ཁྲིམས་བསྟར་དཔུང་ཁག་དང་འཚམ་པ་བཅས་བྱས་ནས་ཁྲིམས་སྐྱོང་སྤྱི་ཚོགས་དང་། ཐུན་ཏེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ལ། ཞང་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོས་རྫོང་ཡོངས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོར་འཛུགས་དགོས།
ཚོགས་འདུ་གྲོལ་རྗེས། དབང་ཕྱུག་རྫོང་ཕྱོགས་བསྡུས་ཚོང་ར་དང་བྱང་སྐོར་ལམ་སོགས་སུ་སོང་ནས་ཁོར་ཡུག་གཙང་སྦྲ་དང་ལམ་བདག་བཟུང་བྱས་ནས་ཚོང་ལས་གཉེར་སྐྱོང་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནད་དོན་ལ་དམིགས་ནས་སྡེ་ཁག་ཕན་ཚུན་མཐུན་སྦྱོར་མཉམ་འབྲེལ་བྱས་ཏེ། ཕྱུགས་ཟོག་གང་འདོད་དུ་སྲང་ལམ་དུ་གཏོང་བ་དང་གད་སྙིགས་གང་འདོད་དུ་འཕེན་པ། ལམ་བདག་བཟུང་བྱས་ནས་ཚོང་གཉེར་བ། སྣུམ་དུད་གང་བྱུང་དུ་གཏོང་བ། སྒེར་གྱིས་གང་འདོད་དུ་འཛུགས་སྐྲུན་བྱེད་པ། ཐང་ཁྲོམ་གང་འདོད་དུ་འཁོར་སྐྱོད་བྱེད་པ་སོགས་གྲོང་ཁྱེར་གྱི་སྣང་བརྙན་ངན་པ་བཅོས་སྐྱོང་དང་། བཅོས་སྐྱོང་གཙོ་གནད་དུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བསྟར་སྟོབས་ཤུགས་ཚད་ལྡན་ཅན་དུ་གཏོང་དགོས།
རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཧྲན་ཏན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད། མཉམ་དུ་རྟོག་ཞིབ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注