གཡག་ཐེར་འཁེལ་འཐག་ལག་རྩལ་ལས། ཞིང་པར་འབབ་འཕར་ཕྱུག་འགྱུར་བྱུང་།

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་གླིང་དུ་གཡག་ཐེར་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འཐག་མཁན་གྱིས་ཐེར་མ་འཐག་བཞིན་པ།

གཡག་ཐེར་འཁེལ་འཐག་ལག་རྩལ་ནི་གངས་ལྗོངས་ས་མཐོར་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཞིག་རེད། དེ་ནི་བལ་བསེད་དེ་བཀྲུས་རྗེས་རྩི་ཤིང་གི་ཚོས་བརྒྱབ་ནས་བཏགས་པ་ཞིག་རེད། བཏགས་ཟིན་པའི་ཐེར་མ་འཇམ་ལ་བདེ་བ་དང་། དྲོ་བ། ཚོས་མི་ལོག་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ས་མཐོའི་མི་རིགས་ལག་ཤེས་བཟོ་རྩལ་རིག་གནས་ཀྱི་ཉིང་བཅུད་ཀྱང་མངོན་ཐུབ། ད་ཆ་ཐེར་མ་འཐག་པའི་ས་མཐོའི་འཁེལ་འཐག་ལག་རྩལ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་ཡོད།

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་གླིང་དུ་གཡག་ཐེར་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ཐེར་མའི་སྤུས་ཀར་ཞིབ་བཤེར་བྱེད་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号