བོད་ལྗོངས་སུ་སྐྱེ་དངོས་རིགས་གསར་པ་རྙེད་འདུག 

བོད་ལྗོངས་ཡར་ཀླུང་གཙང་པོའི་གྲོང་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཚན་ཞིབ་མི་སྣས་སྲུང་སྐྱོང་ཁུལ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་གསར་པ40ལྷག་རྙེད་ཡོད་པ་རེད།

ཉེ་དུས། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་ཡར་ཀླུང་གཙང་པོའི་གྲོང་རོང་་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ལ་བརྟག་དཔྱད་བྱེད་སྐབས། མེ་ཏོག་རྫོང་ནས་ལྕེ་འབུར་སྦལ་བའི་རིགས་ཀྱི་སྲོག་ཆགས་ཤིག་འཚོལ་བསྡུ་ཐུབ་ཡོད་པ་རེད། ཚན་ཞིབ་མི་སྣས་གཟིགས་དབྱིབས་དབྱེ་འབྱེད་དང་ཆ་རྡུལ་གསལ་འབྱེད་སོགས་སྲོག་ཆགས་རིགས་དབྱེའི་ལག་རྩལ་བྱ་ཐབས་བརྒྱུད་སྲོག་ཆགས་དེ་རིགས་གསར་པ་ཡིན་པའི་ར་སྤྲོད་བྱུང་བ་དང་། 2024ལོའི་ཟླ8པར་སྲོག་ཆགས་དེར་དངོས་སུ་གནམ་ལྕགས་འབར་བའི་ལྕེ་འབུར་སྦལ་བ་ཞེས་མིང་བཏགས་པ་རེད།

གནམ་ལྕགས་འབར་བའི་ལྕེ་འབུར་སྦལ་བའི་རིག་གཞུང་གི་མིང་ལLiurana namchabarwaཟེར། དེ་ནི་ཨེ་ཤ་ཡའི་རྭ་སྦལ་ཚན་ཁག་གི་ལྕེ་འབུར་སྦལ་བའི་ཁོངས་ཀྱི་སྦལ་བའི་རིགས་ཆུང་གྲས་ཤིག་ཡིན། དེ་གཙོ་བོ་མེ་ཏོག་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2500ཡས་མས་ཀྱི་ས་མཐོའི་ཁབ་འདྲེས་ནགས་ཁྲོད་དུ་འཚོ་སྡོད་བྱེད་ཀྱི་ཡོད། ལྕེ་འབུར་སྦལ་པ་ཁྱབ་ཁུལ་ཧ་ཅང་ཆུང་བ་དང་། རང་རྒྱལ་དུ་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། སྨན་གླིང་གྲོང་ཁྱེར། བྲག་ཡིབ་ཆུས་བཅས་སུ་མ་གཏོགས་མེད། དུས་འགོའི་བརྟག་དཔྱད་ནང་ཉིང་ཁྲི་གྲོང་ཁྱེར་ནས་བོད་ལྗོངས་ལྕེ་འབུར་སྦལ་པ་དང་། རི་མཐོ་ལྕེ་འབུར་སྦལ་པ། མེ་ཏོག་གི་ལྕེ་འབུར་སྦལ་པ། ལུང་གཞུང་གི་ལྕེ་འབུར་སྦལ་པ་བཅས་རིགས4ཤེས་རྟོགས་བྱུང་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号