རྒྱལ་ཡོངས་སུ་བརྟག་དཔྱད་གལ་ཆེན་འདི་བྱ་རྒྱུ་རེད།

《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག་》གི་གཏན་འབེབས་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2025ལོར་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་གཅིག་དཔེ་འདེམས་བརྟག་དཔྱད་བྱ་རྒྱུའི་ཐག་བཅད། བརྟག་དཔྱད་བྱ་ཡུལ་ནི་རང་རྒྱལ་མངའ་ཁོངས་སུ་སྡོད་མཁན་ཁྱིམ་དུད་ཀྱི་མི་གྲངས་ཡོངས་རྫོགས་དཔེ་འདེམས་བྱ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་སུ་སྡོད་མཁན་ཁྱིམ་དུད་ཁྱོན་བསྡོམས་ཁྲི500དང་མི་ཁྲི1400དཔེ་འདེམས་བྱ་རྒྱུ་རེད།

སྤྱིའི་བླང་བྱ་ནི། མི་འབོར་སྤུས་ཚད་མཐོན་པོར་འཕེལ་རྒྱས་གཏོང་བར་བརྟེན་ནས་ཀྲུང་གོའི་རྣམ་པ་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་དང་། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་བརྟག་དཔྱད་དང་། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། བརྟག་དཔྱད་ཀྱི་གཞི་གྲངས་བདེན་པ་བདེན་ཐུབ་དང་ཡང་དག་ཡོང་བའི་ཁག་ཐེག་བྱེད་པ་དང་། 2020ལོའི་ཚུན་གྱི་རང་རྒྱལ་གྱི་མི་འབོར་གྱི་གྲངས་ཚད་དང་། བྱང་ཚད། གྲུབ་ཚུལ། ཁྱབ་ཚུལ། དེ་བཞིན་སྡོད་གནས་སོགས་ཐད་ཀྱི་འགྱུར་ལྡོག་གནས་ཚུལ་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་གནས་ཚུལ་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་པ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་དང་། དུས་རབས་གསར་པར་མི་འབོར་གོང་དུ་འཕེལ་བའི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་སྤུས་ཚད་མཐོན་པོར་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་གནད་ལ་འཁེལ་བ་འདོན་སྤྲོད་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号