འཇར་མན་གྱི་དམག་གྲུ་ཐའེ་ཝན་མཚོ་འགག་ཏུ་བསྐྱོད་པའི་ཐད།

ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཚོ་དམག་ཏ་ཞའོ་ལི་ཞི་ཡིས། ཟླ9པའི་ཚེས13ཉིན། འཇར་མན་གྱི་“པ་ཏེང་ཧྥུ་ཐེང་པའོ་”རྟགས་ཅན་སྲུང་སྐྱེལ་དམག་གྲུ་དང་། “ཧྥ་ལན་ཁེ་ཧྥུ”རྟགས་ཅན་གསབ་སྤྲོད་དམག་གྲུ་ཐའེ་ཝན་མཚོ་འགག་ཏུ་བསྐྱོད་པ་མ་ཟད་ཡོངས་གྲགས་ཐོག་འུད་སྒྲོག་ཀྱང་བྱས་པ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་པ་རེད། འཇར་མན་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་གཏོང་བ་དང་ནོར་འཁྲུལ་གྱི་བརྡ་རྟགས་བསྟན་པ་རེད། འཐབ་ཁུལ་གྱི་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོར་བྱས་ནས། འཇིགས་སྐུལ་དང་འཁྲུག་རྐྱེན་སློང་རིགས་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号