ཀྲུང་གོའི་འཐུས་མི་རུ་ཁག་གསེར་གྱི་རྟགས་མའི་བང་རིམ་གྱི་ཨང་དང་པོར་སླེབས་པ།

འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བདུན་པ་ཚེས15ཉིན་གྱི་དགོང་མོ་ཧྥ་རན་སེའི་ལི་ཨོང་དུ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་ཀྲུང་གོའི་འཐུས་མི་ཚོགས་པར་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོབ་ཡོད་ཅིང་། རྣམ་གྲངས་ཆ་ཚང59ཡི་ནང་ཁྱོན་བསྡོམས་གསེར་གྱི་རྟགས་མ36དང་། དངུལ་གྱི་རྟགས་མ9། ཟངས་ཀྱི་རྟགས་མ4། ཕུལ་བྱུང་བྱ་དགའ8བཅས་རག་ནས་གསེར་གྱི་རྟགས་མའི་བང་རིམ་དང་། བྱ་དགའི་རྟགས་མའི་བང་རིམ། ཚོགས་པའི་སྤྱིའི་སྐར་གྲངས་བཅས་ཀྱི་ཨང་དང་པོར་སླེབས་ཡོད།

ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་ཐོབ་པའི་རྣམ་གྲངས་ནང་གནམ་གྲུ་ཉམས་བཟོ་དང་། རླངས་འཁོར་གྱི་ལག་རྩལ། རང་བརྟེན་སྒུལ་བདེའི་འཕྲུལ་མི། 3Dགྲངས་འཛིན་རོལ་རྩེད་སྒྱུ་རྩལ། མ་བྱན(ཕྱི་གླིང་བའི་ཟ་མ)སོགས་ཚུད་ཡོད། དེའི་ཁྲོད་གྲངས་འཛིན་དཀྲུག་སྟེགས་རྣམ་གྲངས་ནང་གསེར་གྱི་རྟགས་མ་ཐེངས་ལྔ་བསྟུད་མར་བླངས་པ་དང་། ཨར་སྐྲུན་དང་དར་སོ་ཆེ་བའི་གྱོན་ཆས་ལག་རྩལ་གྱི་རྣམ་གྲངས་གཉིས་ལ་ཨང་དང་པོ་ཐེངས་བཞི་བསྟུད་མར་བླངས་ཡོད།

བཟོ་སྐྲུན་ཚོགས་པའི་འགྲན་སློང་འགྲན་བསྡུར་རྣམ་གྲངས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་བདམས་ཐོན་པ་ལུའུ་ཡན་ལིན་དང་། ཀྲན་ཞན་ཏ། མཱ་ཅ་ཅ་བཅས་ལ་རྒྱལ་ཁབ་ཀྱི་བདམས་ཐོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད།

སྐབས་འདིའི་འགྲན་བསྡུར་ཆེ་མོ་ཟླ9པའི་ཚེས10ནས15ཉིན་བར་ལི་ཨོང་དུ་གཉེར་བ་དང་རྒྱལ་ཁབ་དང་ས་ཁུལ70ཙམ་ནས་ཡོང་བའི་བདམས་ཐོན་པ1400ཙམ་ཞུགས་ཡོད། འགྲན་བསྡུར་ནང་སྐྱེལ་འདྲེན་ཟོག་འགྲེམས་དང་། གྲུབ་ཆ་དང་འཛུགས་སྐྲུན་ལག་རྩལ། བཟོ་སྐྲུན་དང་ལས་གྲྭའི་ལག་རྩལ། ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ། གསར་གཏོད་སྒྱུ་རྩལ་དང་དར་སོ། སྤྱི་ཚོགས་དང་མི་སྒེར་གྱི་ཞབས་ཞུ་བཅས་རིགས་ཆེན་པོ་དྲུག་གི་རྣམ་གྲངས59ཚུད་ཡོད། ཀྲུང་གོའི་འཐུས་མི་ཚོགས་པའི་བདམས་ཐོན་པ68འགྲན་བསྡུར་གྱི་རྣམ་གྲངས་ཚང་མའི་ནང་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号