བོད་དུ་སྤེལ་བའི་འགྲན་བསྡུར་འདིས་འཛམ་གླིང་གི་ཟིན་ཐོ་བཏོད་འདུག

ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། 2024ལོའི་ཕུ་མ་གཡུ་མཚོར་བསྐོར་བ་བྱེད་པའི་འཛམ་གླིང་ས་བབ་མཐོ་ཤོས་ཀྱི་རྐང་འཁོར་འགྲན་བསྡུར་དེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་སྤེལ་བ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཕུ་མ་གཡུ་མཚོར་བསྐོར་བ་བྱེད་པའི་རྐང་འཁོར་འགྲན་བསྡུར་གཉེར་ཐེངས་དང་པོ་ཡིན་ལ། ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི5000ཡན་ཟིན་པའི་རྐང་འཁོར་འགྲན་བསྡུར་གཉེར་ཐེངས་དང་པོ་ཡང་རེད།

ཐེངས་འདིའི་འགྲན་བསྡུར་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ80.88ཡོད་པ་དང་། འགྲན་ལམ་ཧྲིལ་པོའི་ས་བབ་མཐོ་ཚད་ལ་སྨི5000ཡན་ཟིན་པ། འགྲན་བསྡུར་ནང་ཞུགས་མཁན་རུ་མི80ཡོད་པས། “ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ80ལས་མི་ཐུང་བ་དང་། འགྲན་ལམ་ཧྲིལ་པོའི་ས་བབ་མཐོ་ཚད་ལ་སྨི5000ཡན་ཟིན་པ། ལུས་རྩལ་པ30ཡིས་བདེ་འཇགས་ངང་འགྲན་བསྡུར་ཐུབ་པ”བཅས“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར”གྱི་སྙན་ཞུའི་ཚད་གཞི་ཁག་གསུམ་བསྐངས་ཡོད་པས། “འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར”གྱི་འཛམ་གླིང་ཟིན་ཐོའི་མཚན་སྙན་ཐོབ་པ་ར་སྤྲོད་བྱུང་བ་རེད།

ཐེངས་འདིའི་འགྲན་བསྡུར་ནང་ལུས་རྩལ་པ་ཚོས་རྫོགས་མེད་ཀྱི་སྟོབས་ཤུགས་དང་བློ་སྤོབས་ལ་བརྟེན་ནས་འཛམ་གླིང་ཡང་རྩེར་འགྲན་རྩལ་ངོམ་པ་དང་། དཔའ་ངར་ཞུམ་མེད་ངང་འབད་འཐབ་བྱེད་པའི་ལུས་རྩལ་གྱི་སྙིང་སྟོབས་མངོན་ཡོད། ཛ་དྲག་པའི་འགྲན་བསྡུར་བྱས་པ་བརྒྱུད། བདམས་ཐོན་པ་ཧ་ཧོ་ལི་ཞི·ཧ་པུའུ་ཏེ་ལི་དང་། ཧོང་ཧྲི་ཧའེ། རྒྱལ་མཚན་ནོར་བུ་བཅས་ཀྱིས་ཁག་སོ་སོར་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་གྲུབ་འབྲས་བླངས་པ་དང་། ཝང་ཤིང་ཨེ་དང་། ཀྲུའུ་ཞུང་ལེ། ཞེ་ཚུའེ་ཧྥུང་བཅས་ཀྱིས་ཁག་སོ་སོར་བུད་མེད་ཚོགས་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་གྲུབ་འབྲས་བླངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号