ཟི་ལིང་མཚོ་ཤར་གཉིས་ཀྱིས་ཕུལ་བྱུང་ལས་བྱེད་འཇོན་མི་ཕན་ཚུན་བར་མངགས་ཏེ་དངོས་སྦྱོང་བྱ་བ་སྤེལ།

ཟླ8པའི་ཚེས28ཉིན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས《ཟི་ལིང་མཚོ་ཤར་གྲོང་ཁྱེར་ཚོགས་པའི་འཇོན་མི་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་ཐབས》ལྟར། གཞི་གྲངས་བེད་སྤྱོད་དང་། རིག་གནས་ཡུལ་སྐོར། སློབ་གསོ་སློབ་ཁྲིད་སོགས་ཐད་ནས། འབྲེལ་ཡོད་ལས་ཁུངས་དང་། རྫོང་དང་ཆུས། གྲོང་ཁྱེར་ཁོངས་གཏོགས་རྒྱལ་གཉེར་ཁེ་ལས་སུ་ཕུལ་བྱུང་འཇོན་མི་ལས་བྱེད་པ18མངགས་ཏེ། ས་གནས་གཉིས་སུ་དུས་ཡུན་ཟླ3རིང་གི་དངོས་སྦྱོང་བྱ་བ་སྤེལ། 

ཟི་ལིང་མཚོ་ཤར་གྲོང་ཁྱེར་ས་གནས་གཉིས་འབྲེལ་ནས་ཡོད་པ་དང་། རི་ཆུ་གཅིག་ལ་གཅིག་བརྟེན་དུ་ཡོད་ཅིང་། ལོ་རྒྱུས་ཀྱི་སྲོག་རྩ་དང་རིག་གནས་ཀྱི་མགོ་ཁུངས་གཅིག་མཐུན་ཡིན་ལ། ལན་ཀྲུའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པའི་གཙོ་གནད་གྲོང་ཁྱེར་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་ལག་ལེན་དོན་འཁྱོལ་དང་། ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་བྱེད་པ། དེ་མིན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་མཚོ་ཤར་གྲོང་ཁྱེར་ཚོགས་པ་གཞི་གཅིག་ཅན་གྱི་གྲོས་ཚོགས་ཀྱི་བཀོད་སྒྲིག་སྐུལ་འདེད་གཏོང་བ། ཟི་ལིང་། མཚོ་ཤར་དེ་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེེས་སུ་འཇུག་པར་སྐུལ་འདེད་བཏང་ནས། སྐོར་རིམ་གསར་བའི་ས་ཁོངས་འགྲན་རྩོད་ཁྲོད་རྣམ་པར་རྒྱལ་བར་བརྩོན་ལེན་དང་། དགེ་མཚན་ལས་རྒྱལ་བར་བྱེད་པ། ཟི་ལིང་། མཚོ་ཤར་གྱིས་ལན་ཀྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་ཁྲོད་འདྲེེས་སུ་བཅུག་ཏེ། ཐོན་ཁུངས་ཕན་ཚུན་སྦྲེལ་བ་དང་། དགེ་མཚན་ཕན་ཚུན་ཁ་གསབ། མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་ལྟར། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་འཇོན་མི་གཞི་གཅིག་ཅན་སྤྱི་སྤྱོད་སྒྲིག་འཛུགས་དང་། སྒྲིག་སྲོལ་གཞི་གཅིག་ཅན་མཉམ་སྐྲུན། ཁོར་ཡུག་གཞི་གཅིག་ཅན་མཉམ་སྤྱོད་ཀྱི་སྒྲིག་སྲོལ་ལ་སྐུལ་འདེད་བཏང་ནས། འཇོན་མིས་ཟི་ལིང་དང་མཚོ་ཤར་དེང་རབས་ཅན་གྱི་གྲོང་ཁྱེར་ཚོགས་པ་གསར་སྐྲུན་ཁྲོད་སྣེ་ཁྲིད་དང་། འཕྲོ་འགྱེད། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ་སྐོར་ཐེངས3གྱི་ཕུལ་བྱུང་ལས་བྱེད་འཇོན་མི58ཀྱིས་ས་གནས་གཉིས་སུ་དངོས་སྦྱོང་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ས་ཁོངས་ཀྱི་བཀག་རྒྱ་གཏོར་ཏེ། ས་ཁོངས་མཉམ་ལས་ཟབ་སྤེལ་དང་། གཉིས་ཕན་མཉམ་རྒྱལ་ཐད“འཇོན་མིའི་སྟོབས་ཤུགས”བསྣན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号