མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་སྒོར་དུང་ཕྱུར1.72བརྩོན་ལེན་བྱས་ཏེ“རྒན་གཅིག་ཆུང་གཅིག”ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར2024ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་སྒོར་དུང་ཕྱུར1.72དོན་འཁྱོལ་བྱས་ཏེ། གཞུང་སྒྲུབ་རྒན་གསོའི་ཞབས་ཞུ་སྡེ་ཁག14འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱས་རྗེས། གསར་དུ་བསྣན་པའི་རྒན་གསོའི་ནད་ཁྲི100དང་བྱིས་པ་བཅོལ་ས1755གསར་དུ་བསྣན། 

མཚམས་སྦྱོར་བྱས་པ་ལྟར་ན། ཧུར་ཐག་གིས་མི་གྲངས་རྒན་འགྱུར་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒན་གསོའི་བྱིས་བཅོལ་ཞབས་ཞུ་ཕན་ནུས་ལྡན་པའི་འདོན་སྤྲོད་རྒྱ་བསྐྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་སྲིད་དང་། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་མཉམ་དུ་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཟླ་རེའི་སྡེབ་སྒྲིག་ལས་སྐྲུན་དང་། དངུལ་གཏོང་ལེགས་འགྲུབ། མ་དངུལ་གཏོང་བ་སོགས་ཀྱི་རྒྱུགས་ཕན་མྱུར་ཚད་ལྟར། ལས་གཞི་དུས་ལྟར་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་པར་ཁག་ཐེག་བྱས་ནས། དུས་ཐོག་ཏུ་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号