སྐབས་གཉིས་པའི་ནང་ཆེན་ནས་ནག་རིག་གནས་སྒྱུ་རྩལ་དུས་ཆེན་མགོ་བརྩམས།

ཟླ8པའི་ཚེས31ཉིན། “འབྲི་ཆུའི་མགོ་ཁུངས། དག་ཞིང་གི་ནང་ཆེན”ཞེས་པའི་ཐང་བོད་གནའ་ལམ་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་དང་། སྐབས་གཉིས་པའི་ནང་ཆེན་ནས་ནག་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤ་མདའ་གྲོང་རྡལ་དུ་མགོ་བརྩམས། 

ཐེངས་འདིའི་བྱ་འགུལ་སྟེང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་བསུས། མགོ་རྩོམ་མཛད་སྒོའི་སྟེང་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཅིང་། རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྱ་ནོམ་པ་ཕུལ་བ་དང་། སྲོལ་རྒྱུན་གླུ་གར་འཁྲབ་སྟོན་གྱིས་ནང་ཆེན་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་དང་ཐུན་མིན་གྱི་སྒྱུ་རྩལ་མཛེས་པ་མངོན་པ་དང་། གླུ་བ་ཚོའི་གྲེ་འགྱུར་ངག་གི་གླུ་སྐད་ཀྱིས། ཕ་ཡུལ་ལ་བཅས་པའི་བརྩེ་བ་དང་། ནས་ནག་ལ་བསྟོད་གླུ་བླངས། 

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་གླུ་བ་གླུ་མའི་རོལ་དབྱངས་དགོང་ཚོགས་དང་། ལུས་རྩལ་འགྲན་བསྡུར་འཁྲབ་སྟོན། སྐབས་གཉིས་པའི་རས་པའི་བྲོ་ཡི་འགྲེམ་སྟོན། རས་པའི་ཞབས་བྲོའི་རིག་གཞུང་བརྗེ་རེེས་དང་། བྱམས་བརྩེའི་རོལ་མོའི་དགོང་ཚོགས་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་འདུ། དེ་མིན། ནང་ཆེན་རྫོང་གིས་ཞབས་བྲོ་བའི་རིག་གཞུང་བ་དང་། རིག་གནས་ཆེད་མཁས་པ། ཞབས་བྲོ་བ་བཅས་གདན་དྲངས་ཏེ། རས་པའི་ཞབས་བྲོའི་ལོ་རྒྱུས་དང་། སྒྱུ་རྩལ་ཁྱད་ཆོས། སྲོལ་རྒྱུན་དང་འཕེལ་རྒྱས་ཐད་བརྗེ་རེས་བགྲོ་གླེང་བྱས་ཏེ། ས་གནས་སོ་སོའི་རས་པའི་ཞབས་བྲོའི་སྒྱུ་རྩལ་གྲུབ་འབྲས་བརྗེ་རེས་བྱས་པ་དང་། རིག་གཞུང་གི་དང་ལེན་གསར་བ་དང་ངེས་ལེན་མྱོང་རོལ་བྱས་ནས། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་ལ་སྐུལ་འདེད་བཏང་། 

ནང་ཆེན་ནས་ནག་རིག་གནས་སྒྱུ་རྩལ་དུས་ཆེན་བྱ་འགུལ་སྤེལ་བ་དེས། ནང་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་གྱི་ས་ཁུལ་གྱི་བྱེ་བྲག་གི་ལག་ལེན་ཡིན་པ་མ་ཟད། ནང་ཆེན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་། “དག་ཞིང་ནང་ཆེན”གྱི་རིག་གནས་རྨང་གཞི་དང་། ནང་ཆེན་གྱི་བུ་དང་བུ་མོའི་བརྩེ་བ་མངོན་པ་མ་ཟད། ས་གནས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ནང་ཆེན་གྱི་རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་མཚན་སྙན་མཐོར་འདེགས་སུ་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号