གངས་འདབས་ཀྱི་དཀར་མཛེས་ཉག་ཆུའི་བརླན་ས་སྤྱི་གླིང་།

ཟླ8པའི་ཚེས26ཉིན་ཞོགས་པར། སྟོན་མགོ་ཚུགས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ཉག་ཆུ་གླིང་ག་སྤྱི་གླིང་དུ་ཡུལ་སྐོར་པ་ཚོས་ས་གནས་མང་ཚོགས་དང་མཉམ་དུ་མཚོ་བསྐོར་བྱེད་པའི་ཡུལ་སྐོར་ལམ་ཐིག་ཏུ་འཆམ་འཆམ་ལ་འགྲོ་བཞིན་དྲག་ཏུ་རྒྱུག་པའི་ཉག་ཆུ་ལ་གཟིགས་ཞོར་སྤྱི་གླིང་ནང་གི་བདེ་སྐྱིད་ཀྱི་ཉིན་གཅིག་ལོངས་སུ་སྤྱོད་པ་རེད།

བརླན་ས་སྤྱི་གླིང་ནང་གི་བདེ་ཐང་རྐང་ལམ།

ཉག་ཆུའི་བརླན་ས།

ཉག་ཆུ་གླིང་ག་བརླན་ས་སྤྱི་གླིང་རྫོང་གྲོང་དང་གཞི་གཅིག་ཏུ་འདྲེས་པ།

གངས་འདབས་ཀྱི་དཀར་མཛེས་ཉག་ཆུ་གླིང་ག་བརླན་ས་སྤྱི་གླིང་།

ཉག་ཆུ་གླིང་ག་བརླན་ས་སྤྱི་གླིང་ནི་དཀར་མཛེས་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། 2014ལོ་ནས་བཟུང་དཀར་མཛེས་རྫོང་གིས་ཉག་ཆུ་བརླན་ས་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་དང་། རྣམ་གྲངས་ནང་ཆུ་འབག་བཙོག་བཅོས་སྐྱོང་དང་བརླན་ས་སླར་གསོ། ཆུ་ཁུངས་གནས་སྲུང་སྐྱོང་སོགས་ཀྱི་ལས་གཞི་འདུས་ཡོད། གཙང་ཆུ་འབྱུང་ཁུངས་སྲུང་སྐྱོང་ནས་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་བརླན་སའི་སྐྱེ་ཁམས་མ་ལག་གི་ལེགས་སྒྲིག་ནུས་བར་ཤུགས་བརྒྱབ་པ་རེད།

ད་ལྟའི་ཉག་ཆུ་གླིང་ག་བརླན་ས་སྤྱི་གླིང་གི་ནགས་ཤིང་སྟུག་ཅིང་ཆུ་བོ་དྭངས་བ། ནུབ་བྱང་ཕྱོགས་ནས་ཤར་ལྷོ་ཕྱོགས་སུ་རྒྱུག་པ་ཡིན། གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་ལྗོངས་ཀྱི་མཛེས་རྒྱན་འོག་རྒྱལ་ལམ317ཐོག་གི་མཛེས་པའི་ཡུལ་ལྗོངས་སུ་གྱུར་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号