བོད་སྐྱོར་བགྲང་བྱ30འདས། བརྩེ་བ་ཟབ་མོ་ས་མཐོར་བཅངས།

འཕེལ་རྒྱས་གཏོང་རྒྱུ་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་གནད་འགག་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་བོད་སྐྱོར་ཁེ་ལས་བཅས་ཀྱིས་སྐྱེད་སྲིང་དང་ནང་འདྲེན་མཉམ་སྤེལ་རྒྱུན་འཁྱོངས་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གསར་སྤེལ་དང་། མཉམ་ལས་ཐོག་ཐོན་ལས་གླིང་ཁུལ་འཛུགས་སྐྲུན། སྔོན་ཐོན་ཉམས་མྱོང་ནང་འདྲེན། ཚོང་འགུགས་མ་འདྲེན་སོགས་ཀྱི་བྱེད་སྟངས་བརྒྱུད་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དེ་“ཁྲག་འདྲེནཔ་་”ནས“ཁྲག་བཟོ་བ”རུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཐོག་ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་སུམ་ཅུའི་རིང་། གླིང་ཁུལ་དང་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་གཞི་རྟེན་དུ་བྱས་ཏེ་བོད་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁེ་ལས་1140ལྷག་ཙམ་ནང་འདྲེན་བྱས་ནས་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་སྣ་ཚོགས་9500ལྷག་ཙམ་ལག་ལེན་བསྟར་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། དེང་རབས་ཅན་གྱི་འཛུགས་སྐྲུན་རེ་རེ་དང་། རྣམ་གྲངས་རེ་རེ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པ་དང་བཟོ་ཁང་རེ་རེ་དང་ཐོན་སྐྱེད་ལས་རིམ་རེ་རེར་བྲེལ་བས་ཁེངས། བོད་ལྗོངས་ས་གཞིའི་ཐོག ཚ་ཚ་འུར་འུར་ངང་རྣམ་གྲངས་འཛུགས་སྐྲུན་གྱི་ཚ་རླབས་རབ་ཏུ་འཕྱུར་བཞིན་ཡོད་པ་དང་། ཚོང་འགུགས་མ་འདྲེན་གྱི་སྐྱེ་སྟོབས་རབ་ཏུ་འཕྱུར་བཞིན་ཡོད།

ད་ཆ་ཚད་གཞི་རང་བཞིན་དང་དཔེ་སྟོན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་དེ་བས་མང་བ་གངས་ལྗོངས་ས་མཐོར་བཞད་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号