“ཚོང་ལས་མཐུན་ཚོགས་ཀྱིས‘སྲིད་དངུལ་ཁེ’གསུམ་འཕེལ་རྒྱས་གཏོང་བར་མཉམ་དུ་རོགས་རམ་བྱེད་པའི་སྦྲེལ་མཐུད་ཚོགས་འདུ”འཚོགས་པ།

“སྲིད་གཞུང་+དངུལ་ཁང+ཚོང་ལས་མཐུན་ཚོགས”ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ཐུན་མོང་ཐོག“ཚོང་ལས་མཐུན་ཚོགས་ཀྱིས‘སྲིད་དངུལ་ཁེ’གསུམ་འཕེལ་རྒྱས་གཏོང་བར་མཉམ་དུ་རོགས་རམ་བྱེད་པའི་སྦྲེལ་མཐུད་ཚོགས་འདུ”འཚོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ཁག་དང་། དེ་བཞིན་ཚོང(མཐུན་ཚོགས)ཚོགས་ཁག་དང་དམངས་གཉེར་ཁེ་ལས་ཀྱི་འཐུས་མི་སོགས་མི་300ལྷག་ཙམ་ཚོགས་འདུར་ཞུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་དོན་ཟོག་འགྲེམས་དང་། བཟའ་བཅའ་ལས་སྣོན། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཐོན་ལས་འཕེལ་རྒྱས་ལ་སེམས་ནུས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འགོད་བྱས་ཏེ། ཁེ་ལས་ལ་ཡིད་རྟོན་དངུལ་བུན་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་སྤེལ་རིང་། ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་འགན་འཁུར་བས་ཚོགས་ཞུགས་མི་སྣར་འབྲེལ་ཡོད་དངུལ་རྩའི་ཐོན་རྫས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ་དངུལ་རྩའི་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། ད་དུང་ཡིད་རྟོན་ཐོབ་ཐང་ལྡན་པའི་ཉིང་ཁྲི་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་ལས་2ལ་བྱང་བུ་སྤྲད་པ་དང་ཡིད་རྟོན་དངུལ་བུན་སྒོར་ཁྲི་917ཟིན་པ་དང་། ཉིང་ཁྲི་གྲོང་ཁྱེར་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་ཚོགས་མིའི་ཁེ་ལས་5ལ་སྔོན་དཔག་ཡིད་རྟོན་དངུལ་བུན་སྒོར་ཁྲི་1900སྤྲད་ཅིང་། བྱེད་ཐབས་དེ་དག་གིས་ཁེ་ལས་འཕེལ་རྒྱས་གཏོང་རིང་འཕྲད་པའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

ད་ཐེངས་ཀྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་པ་བརྒྱུད་སྲིད་གཞུང་དང་། ཁེ་ལས། བཟོ་ཚོང་ལས་རིགས་བཅས་སྒྲིག་གཞིའི་དབར་གྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་དང་དམངས་གཉེར་དཔལ་འབྱོར་དང་དངུལ་རྩའི་མཉམ་འགུལ་བཟང་པོར་སྐུལ་མ་ཐེབས་ཡོད། གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་གྱིས་དྲ་ཐོག་ནས་ཁྱབ་གདལ་དང་དྲ་ཕྱི་ནས་སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་ཁང་དང་ཁེ་ལས་མཉམ་ལས་ཀྱི་ལས་སྟེགས་མུ་མཐུད་བསྐྲུན་ནས་མ་དངུལ་བསྡུ་སྒྲིལ་ཐུབ་པའི་རང་བཞིན་ཆེ་རུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་སྐོང་གང་ཐུབ་བྱེད་པ། གཉེར་སྐྱོང་བྱེད་པོ་འགན་ལེན་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དམངས་གཉེར་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་ཡོང་བར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号