པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་ཕེབས་ནས་རྒྱུན་གཏན་གྱི་གཞུང་ལས་སྒྲུབ་གནང་བ་དང་ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་པ།

ཟླ་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་ཕེབས་ནས་རྒྱུན་གཏན་གྱི་གཞུང་ལས་སྒྲུབ་གནང་བ་དང་། ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་ཡོད།

ཟླ་7ཚེས་2དང་ཚེས་11ཉིན། པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་2024ལོའི་ཚོགས་གཙོའི་ཚོགས་འདུ་ཐེངས་དང་པོ་ཁག་སོ་སོར་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《བདེན་འཚོལ》དུས་དེབ་ཐོག་བཀོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན》ཞེས་པའི་རྩོམ་ཡིག་གལ་ཆེན་གྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་སོགས་ཀྱི་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་2024ལོའི་ལོ་སྟོད་ཀྱི་ལས་དོན་དང་2024ལོའི་ལོ་སྟོད་ཀྱི་སྔོན་རྩིས་རྣམ་གྲངས་ཀྱི་མ་དངུལ་ལག་བསྟར་བྱས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ། 《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་དཔེ་ཁྲིད་དགོངས་འགྲེལ་སྤེལ་རེས་ཚོགས་འདུའི་དཔེ་ཁྲིད་དགོངས་འགྲེལ་གྱི་རྩ་བ》ལའང་ཞིབ་དཔྱད་གནང་བ་རེད།

པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་མི་རིགས་དང་ཆོས་ལུགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་ཡག་པོ་བསྟར་དགོས་པ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་སྐབས་གཉིས་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཟླ་7ཚེས་18ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་འགྲེམས་སློབ་སྦྱོང་དང་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་རིང་། པཎ་ཆེན་རིན་པོ་ཆེས་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་ལུགས་མཐུན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཏང་ཀྲུང་དབྱང་གི་ཐག་གཅོད་དབང་ཆར་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ་དང་། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ལ་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་བཅས་ལ་སྲུང་སྐྱོང་བྱ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཟླ་7ཚེས་25ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྲོལ་འཛུགས་སྐྱོང་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་རིང་། པཎ་ཆེན་རིན་པོ་ཆེས་རྒྱུན་གཏན་གྱི་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་གྲྭ་བཙུན་གྱིས་སྡོམ་ཁྲིམས་ཡག་པོ་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཆོས་ལུགས་ཕྱོགས་ཡོངས་ནས་ནན་པོས་སྐྱོང་བའི་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་དགོས། ཆོས་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆོས་ལུགས་ཕྱོགས་ཡོངས་ནས་ནན་པོས་སྐྱོང་བར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཟླ་6ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད་5པ་ཙམ་ལ། ལྷ་ལྡན་གཙུག་ལག་ཁང་དུ་བསང་གི་དྲི་བསུང་འཐུལ་བ་དང་མཆོད་མེ་ཁྲ་ཆིལ་ལེར་བཞད་ཡོད། ཆུ་ཚོད་5དང་སྐར་མ་30ཙམ་ལ། པཎ་ཆེན་རིན་པོ་ཆེ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་འབྱོར་ཟིན་པ་དང་། དེའི་ཚེ་དུང་དང་རྒྱ་གླིང་གི་སྒྲ་གྲགས་ཤིང་དགེ་འདུན་པའི་ཞལ་འདོན་གྱི་སྒྲ་གསང་པོ་དང་བསྟུན་ནས་ཕྱག་ཏུ་བསང་ཕོར་བསྣམས་པའི་དགེ་འདུན་པ་དང་། དུང་དང་རྒྱ་གླིང་འབུད་མཁན་དགེ་འདུན་པའི་ཕེབས་བསུའི་འོག པཎ་ཆེན་རིན་པོ་ཆེ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ནས་ལྷ་ཁང་ཁག་ལ་གནས་གཟིགས་གནང་བ་དང་སྦྲགས། པཎ་ཆེན་རིན་པོ་ཆེས་ཞལ་འདོན་དང་ཐུགས་སྨོན་གནང་བ་མ་ཟད། གཙང་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་མཇལ་དར་སྒྲོན་གནང་བ་རེད།

ལྷ་ལྡན་གཙུག་ལག་ཁང་གི་གཙང་ཁང་དུ་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་ཕེབས་ནས་པཎ་ཆེན་རིན་པོ་ཆེས་སྒམ་བརླིང་ངང་སྐུ་བརྙན་ལ་ཞལ་གཟིགས་ཏེ་སྐུ་ཕྱག་ཕུལ་བ་དང་། དེ་རྗེས་པཎ་ཆེན་རིན་པོ་ཆེས་དཀར་གཙང་གི་མཇལ་དར་བསྣམས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་དལ་གྱིས་ཕེབས་ཏེ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་སྨོན་ལམ་བཏབ་པ་དང་མཇལ་དར་སྒྲོན་གནང་བ་རེད།

ཟླ་7ཚེས་22ཉིན། པཎ་ཆེན་རིན་པོ་ཆེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ཁང་དམར་དགོན་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་པ་དང་། ཁང་དམར་དགོན་གྱིས་ཆོས་ལུགས་ཀྱི་གུས་སྲོལ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེས་གྲྭ་དམངས་ལ་ཞལ་འདོན་དབུ་སྐུལ་གནང་བ་དང་གནས་གཟིགས་གྲུབ་རྗེས་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། རྒྱལ་དམངས་བདེ་ལ་འཁོད་པའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号