སྐབས་གཉིས་པའི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་པར་ལེན་འགྲེམ་སྟོན་ཆེན་མོ་ཡུས་ཧྲུའུ་རུ་མགོ་བརྩམས།

ཟླ7པའི་ཚེས24ཉིན། “རི་ཆུ་སྟོང་གི་མགོ་ཁུངས། རབ་མཛེས་མཚོ་སྔོན། ཆུ་བོའི་མགོ་ཁུངས་ཡུས་ཧྲུའུ”2024ལོའི་སྐབས་གཉིས་པའི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་པར་ལེན་འགྲེམ་སྟོན་ཆེན་མོའི་མགོ་རྩོམ་མཛད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་མགོ་བརྩམས།

མགོ་རྩོམ་མཛད་སྒོ་དེ་སྙན་འཇེབས་ཀྱི་རོལ་མོའི་འགྱུར་ཁུག་ཁྲོད་ནས་མགོ་བརྩམས་པ་དང་། མགོ་རྩོམ་ཞབས་བྲོ《དགྱེས་སྟོན་སྤྲོ་བའི་བསུ》ཞེས་པའི་ཁྲོད་ནས་བོད་ཀྱི་ཞབས་བྲོ་རྟ་རྒྱུགས་འགྲན་བསྡུར་དང་། རས་པ་སོགས་འཁྲབ་སྟོན་བྱས་པར། ཡུལ་དངོས་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།

རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བཀོད་སྒྲིག་བྱས་ཡོད་པ་དང་། 《གཙང་གསུམ་གྱི་བརྩེ་བ》《གཙང་གསུམ་གྱི་གཤོག་པ》《གཙང་གསུམ་གྱི་རོལ་མོ》《གཙང་གསུམ་གྱི་རྒྱན་གོས》《གཙང་གསུམ་གྱི་ཞབས་བྲོ》བཅས་ཚན་པ5རུ་བགོས་ནས། དུས་རབས་ཀྱི་སྙིང་སྟོབས་མངོན་པ་མ་ཟད། ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་གྱིས“ཀྲུང་གོའི་རི་སྐྱེས་སྲོག་ཆགས”བརྗོད་དོན་དུ་བྱས་ཏེ། ཁྱོན་བརྗོད་དོན་འགྲེམ་སྟོན་ཆེན་པོ2དང་། ཆེད་དོན་འགྲེམ་སྟོན6། སྐུ་མགྲོན་གཙོ་བོའི་ཞིང་ཆེན1གདན་དྲངས་ནས་འགྲེམ་སྟོན་དང་མིང་ཐོ་བཀོད་ཅིང་། ཁྱོན་ཕུལ་བྱུང་བརྩམས་ཆོས2000ལྷག་འབྱོར་ཡོད་པ་རེད། སྤུས་ཚད་དང་གྲངས་ཀའི་གང་ཅིའི་ཐད་ནས་ཀྱང་མཐོར་འདེགས་གསར་བ་བྱུང་ཡོད། དུས་མཚུངས་སུ། སྐབས་གཉིས་པའི“རབ་མཛེས་མཚོ་སྔོན་གྱི་ཆུ་བོའི་མགོ་ཁུངས་ཡུས་ཧྲུའུ”ཡི་བརྙན་ལེན་སྦྱོང་བརྡར་དངvivoཁ་པར་པར་ལེན་མྱོང་རོལ་བྱ་འགུལ་དུས་མཉམ་དུ་མགོ་བརྩམས་ཤིང་། བྱ་འགུལ་སྟེང་པར་ལེན་མཁན་གྱི་མིང་ཐོ་བཀོད་དེ་སྦྱོང་བརྡར་ཁྲོད་ཞུགས་ཆོག་པ་དང་། བརྙན་ལེན་བཞུགས་མོལ་གསོ་སྦྱོང་ཁྲོད་ཞུགས་ཆོག འགྲེམ་སྟོན་སྐབས་སུ་པར་ལེན་སྦྱོང་བརྡར་གྱི་སློབ་མའི་དཔང་ཡིག་བཟུང་ནས། རིན་མེད་ངང་ཡུས་ཧྲུའུ་ཡི་འབྲེལ་ཡོད་ལྗོངས་ཁུལ་དུ་གསར་རྩོམ་ལ་ཞུགས་ཆོག

ཐེངས་འདིའི་བྱ་འགུལ་སྤེལ་བ་དེས། རི་སྐྱེས་སྲོག་ཆགས་པར་ལེན་འགྲེམ་སྟོན་གྱི་མིང་བྱང་མུ་མཐུད་ནས་མཐོར་འདེགས་དང་། ཁྱོན་ཡོངས་ནས་ཡུས་ཧྲུའུ་ཡི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་དང་། ཐུན་མིན་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་མངོན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་རྣམ་པ་མངོན་ནས། ཡུས་ཧྲུའུ་ཡིས“རི་སྐྱེས་སྲོག་ཆགས་ཀྱི་ཕ་སའི”འཛམ་གླིང་རིམ་པའི་སྐྱེ་ཁམས་པར་ལེན་ཡུལ་སྐོར་ཟོང་རྟགས་གསར་སྐྲུན་བྱེད་པར་རོགས་འདེགས་དང་། རྒྱལ་ཁབ་ཕྱི་ནང་གི་ཤན་ཤུགས་དང་འགུག་ཤུགས་མཐོར་འདེགས་སུ་གཏོང་བར་རོགས་འདེགས་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号