མདའ་བཞི་རྫོང་གིས་ཕྱོགས་མང་པོ་ནས་ནོར་སྲིད་ཀྱི་འགན་ལེན་ནུས་པ་ཆེ་རུ་བཏང་པ།

ད་ལོ་ནས་བཟུང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ། ནོར་སྲིད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས། གཏོང་ཡོང་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་དང་དམངས་འཚོའི་བདེ་སྐྱིད་ཆེར་གཏོང་། ནོར་དཔལ་སྒྲིག་ཁྲིམས་ནན་གཏོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

མདའ་བཞི་རྫོང་གིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤྱིའི་བླང་བྱ་འདོན་སྤེལ་གང་ལེགས་བྱས་ཏེ། ནོར་སྲིད་ཀྱི་བཅོས་སྒྱུར་ཁག་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ནོར་སྲིད་ཚན་རིག་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བའི་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ། སྔོན་རྩིས་ལག་བསྟར་བྱེད་པར་རྩེ་གཅིག་ཏུ་དམིགས་པ། སྡེ་ཁག་གི་གཏོང་སྒོའི་འགན་འཁྲིར་ཤུགས་སྣོན་པ། ནོར་སྲིད་ལྟ་སྐུལ་མཛུབ་ཁྲིད་ལས་དོན་རྐྱེན་སྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཤིང་། ནོར་སྲིད་གཏོང་ཡོང་གི་བཀོད་གཏོང་ཚོགས་འདུ་སྐོང་འཚོགས་བྱས་ཏེ“སུས་མ་དངུལ་བཏང་ན་དེས་འགན་འཁུར་དགོས་པའི”བླང་བྱ་ལྟར། སྔོན་རྩིས་ལག་བསྟར་ལས་དོན་ཐད་འགན་འཁྲི་དོན་འཁྱོལ་བྱས་ཏེ། འགན་འཁྲི་དོན་འཁྱོལ་བྱེད་པར་བརྟེན་ནས་ལྡོག་སྐུལ་ལས་ཀ་དོན་འཁྱོལ་བྱེད་དུ་འཇུག་པ་དང་། ནོར་སྲིད་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་བྱས་ནས་དུས་ཚོད་དང་པོ་ནོར་སྲིད་མ་དངུལ་གྱི་ཕན་འབྲས་ཐོན་པར་འགན་ལེན་བྱས།

མདའ་བཞི་རྫོང་གིས་ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། “དམངས་ཆེད་ནོར་སྲིད”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། “གཞི་རྩ་འགན་ལེན་དང་མ་མཐའི་ཚད་ཐིག་སྲུང་བ། དོ་མཉམ་ཡོང་བར་སྐུལ་འདེད། སྤུས་ཚད་མཐོར་གཏོང་བ”བཅས་ཀྱི་ཐོག་ནས་རྒྱུ་ནོར་དོ་དམ་གྱི་བླང་བྱར་བརྩི་སྲུང་བྱས་ཏེ“འགན་ལེན་གསུམ”གྱི་མ་མཐའི་ཚད་གཞི་བརྟན་དུ་གཏོང་བ་དང་ཚད་ཡོད་ཀྱི་ནོར་ཤུགས་སྤྱི་འདོམས་བེད་སྤྱོད་བྱས་ནས་དངུལ་མཁོ་དགོས་ཆེ་སར་སྤྱོད་པ་དང་དམངས་འཚོ་འགན་སྲུང་བྱེད་ནུས་པ་ཆེ་རུ་བཏང་ཡོད། ལོ་སྟོད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི66991ལེགས་སྒྲུབ་བྱས་པ་དང་། དེའི་ནང་དམངས་འཚོའི་ཐད་བཏང་བའི་མ་དངུལ་སྒོར་ཁྲི55576ཡིན་པ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི82.96%ཟིན་ཡོད།

 མདའ་བཞི་རྫོང་གིས་ཞིང་ལས་དང་གྲོང་གསེབ་དེ་སྔོན་ལ་འགན་ལེན་བྱེད་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྣ་མང་ཅན་གྱི་མ་དངུལ་གཏོང་བའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་དང་དངུལ་རྩའི་མ་རྩ་སྔར་ལས་མང་པོ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱེད་ཀྱི་ཡོད། 2024ལོ་ནས་བཟུང་། ནོར་སྲིད་སྡེ་ཁག་གིས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མ་དངུལ་གྱི་ཐབས་ལམ་གཙོ་བོའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཞིང་ལས་གུན་སྐྱོབ་ཀྱི་གུན་སྐྱོབ་གྲོན་དངུལ་ཁ་གསབ་མ་དངུལ་སྒོར་ཁྲི3282དོན་འཁྱོལ་བྱས་པ་དང་། ནོར་སྲིད་སྦྲེལ་མཐུད་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི10975བགོ་བཤའ་དང་བེད་སྤྱོད་བྱས་ལ། རིགས་ཁག་གི་རྣམ་གྲངས33ལག་ལེན་བསྟར་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། མདའ་བཞི་རྫོང་གིས་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་པ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་ནོར་སྲིད་ཀྱི་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号