བལྟས་ན་མིག་ལ་མཛེས་པ། བསམ་ན་དམངས་ལ་ཕན་པའི་ཀོང་པོ་སྤྱི་གླིང་།

མཁའ་དབྱིངས་ནས་བལྟས་ཚེ། བོད་ལྗོངས་ཉིང་ཁྲིའི་ཀོང་པོ་སྤྱི་གླིང་ནི་སྤྲེལ་རི་དང་ཉང་ཆུ་གཙང་པོའི་རང་བྱུང་མཛེས་ལྗོངས་ཁུལ་གྱི་བར་ན་ཆགས་ཤིང་། ཉིང་ཁྲིའི་གྲོང་ཁུལ་གསར་རྙིང་དབྱེ་བའི་མཚམས་ཚིགས་ཤིག་ཀྱང་རེད། སྤྱི་ལོ་2021ལོའི་ཟླ་7པའི་ཚེས་21ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་པོ་སྤྱི་གླིང་དུ་ཕེབས་ཏེ། སྤྱི་གླིང་གི་ལྗང་འགྱུར་གནས་ཚུལ་དང་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གྲོང་ཁྱེར་གྱི་སྲོག་ཤིང་ནི་མི་ཡིན་པ་དང་། གྲོང་ཁྱེར་ཞིག་གི་ལས་དོན་ཡག་པོ་སྒྲུབ་ཡོད་མེད་དེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་། འཚོ་བ་སྟབས་བདེ་ཡོད་མེད་ལ་བལྟ་དགོས། གྲོང་ཁྱེར་གྱིས་མི་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཡག་ཏུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཀོང་པོ་སྤྱི་གླིང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.9བཏང་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་68ཟིན་ཞིང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ལོ་2020ལོའི་དམངས་འཚོའི་ལས་གཞི་ཆེན་པོ་བཅུའི་གྲས་ཤིག་ཡིན་པ་དང་། སྤྱི་ལོ་2020ལོའི་ཟླ་10པར་མང་ཚོགས་ལ་དངོས་སུ་སྒོ་ཕྱེ་ཡོད། སྤྱི་གླིང་དེ་ནི་གྲོང་ཁྱེར་སྤྱི་གླིང་དང་། བྱིས་པའི་སྤྱི་གླིང་། འབྱུང་ཁམས་སྤྱི་གླིང་བཅས་བརྗོད་དོན་གཙོ་བོའི་སྤྱི་གླིང་གསུམ་ལས་གྲུབ་ཅིང་། བོད་ལྗོངས་སུ་རྒྱ་ཁྱོན་ཆེ་ཤོས་དང་། རྩི་ཤིང་རིགས་མང་ཤོས། བྱེད་ནུས་ཆ་ཚང་ཤོས་བཅས་ཀྱི་གྲོང་ཁྱེར་སྤྱི་གླིང་ཞིག་རེད། ད་ཆ། སྤྱི་གླིང་དེ་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བ་སྤྲོ་འཆམ་ལ་འགྲོ་ས་དང་ལུས་སྦྱོང་བྱེད་ས། བྱིས་པ་རྩེད་འཇོར་རོལ་ས་བཅས་ཀྱི་གདམ་ག་ཡག་ཤོས་ཤིག་ཡིན་པ་མ་ཟད། དེ་བས་ཀྱང་མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་རེད། ཉིན་རེའི་ས་སྲོས་མཚམས་སུ། སྤྱི་གླིང་གི་ལྷོ་ངོས་སུ་ཞབས་བྲོར་དགའ་བའི་མང་ཚོགས་ཁྱུ་ཤིག་སྙན་པོའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གར་སྟབས་ལ་རོལ་བཞིན་མཆིས།

གཞན་ཡང་། ཀོང་པོ་སྤྱི་གླིང་ནི་རང་བྱུང་འདམ་ར་དང་རིག་གནས་མྱོང་རོལ་བྱེད་སའི་གནས་ཤིག་ཀྱང་ཡིན། སྤྱི་གླིང་གི་འཆར་འགོད་ཐད་མི་གཞི་རྩར་བཟུང་བ་དང་། མི་རིགས་ཀྱི་རིག་གནས་དང་རང་བྱུང་འབྱུང་ཁམས་གཞི་གཅིག་ཏུ་འདྲེས་པའི་རྣམ་པ་གང་ལེགས་མངོན་ཞིང་། གང་དེས་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད་གྲོང་མི་དང་ཡུལ་སྐོར་བར་སྐྱིད་སྣང་གི་ཚོར་བ་ཞིག་སྦྱིན་བཞིན་ཡོད།

图片

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞེས་གསུངས་གནང་ཡོད། འདིར་གླེང་འདོད་པ་ཞིག་ནི་ཀོང་པོ་སྤྱི་གླིང་གི་སྤྱིའི་ཇུས་འགོད་དང་བཀོད་སྒྲིག་སོགས་ཕྱོགས་གང་ས་ཅི་ཐད་ནས་མི་རིགས་མཐུན་སྒྲིལ་ཆེན་མོའི་རང་མདངས་མངོན་བཞིན་འདུག ཆེས་མངོན་གསལ་དོད་ཤོས་ནི་སྤྱི་གླིང་གི་དབུས་སུ་གནས་པའི་མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་བཟོ་བཀོད་དེ་རེད།

གསར་འགོད་པ་སྤྱི་གླིང་དུ་སྐྱོད་སྐབས་དེའི་འགྲམ་ན་ལུས་སྦྱོང་བྱེད་བཞིན་པའི་ཁྲུང་ཆིང་གི་ཨ་ཅག་ཡུས་ལགས་ཀྱིས། སྤྱི་གླིང་ཧ་ཅང་སྐྱིད་པོ་འདུག མཁའ་རླུང་གཙང་ལ་གཙང་སྦྲ་ཤིན་ཏུ་དོད། འཆམ་འཆམ་ལ་ཡོང་ན་དངོས་གནས་སྐྱིད་པོ་འདུག་ཅེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号