བོད་ལྗོངས་ལྷ་སའི་འོང་སྐོར་དུས་ཆེན་སྟེང་གི་རྟ་རྒྱུག་འགྲན་བསྡུར།

ཉེ་ཆར། བོད་ལྗོངས་ཀྱི་ས་ཆ་སོ་སོས་འོང་སྐོར་དུས་ཆེན་བསུས་ཤིང་། འོང་སྐོར་དུས་ཆེན་ནི་བོད་ལྗོངས་སྲོལ་རྒྱུན་གྱི་ལོ་ལེགས་དུས་ཆེན་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན། དུས་ཆེན་དེ་ས་ཆ་སོ་སོའི་ལོ་ཏོག་སྨིན་པའི་དུས་ཚོད་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད། འོང་སྐོར་དུས་ཆེན་སྐབས་སུ་གོམས་སྲོལ་བཞིན་ས་ཆ་སོ་སོས་རྟ་རྒྱུག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

ཟླ7པའི་ཚེས23ཉིན་གྱི་རྟ་རྒྱུག་འགྲན་བསྡུར་ཡུལ་དངོས།

ཚེས23ཉིན། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་རྟ་ར་ནང་དུ་འགྲན་ཞུགས་པ་པད་མ་གཡུ་ལྡན་གྱིས་སྟབས་བདེ་ཅན་གྱི་རྟ་རྩལ་འགྲན་སྐབས་ཀྱི་གྱོན་ཆས་གོན་ནས་རྟ་ལ་ཞོན་པ་དང་གཡས་ལག་གིས་རྟ་ལྕག་བཟུང་ནས་མཐའ་མཇུག་གི་གདོང་མཆོང་བྱེད་བཞིན་ཡོད།

ཟླ7པའི་ཚེས23ཉིན། རྟ་བ་ཆུང་ཆུང་ཞིག་གིས་འགྲན་ཡའི་རྟ་རྒྱུག་འགྲན་བསྡུར་ལ་ལྟ་བཞིན་པ།

རྟ་རའི་ཕྱི་རོལ་དུ་མི་ཡིས་ཁེངས་བ་དང་། མི་རྣམས་ཀྱི་རྒྱབ་ཕྱོགས་ནི་ཡུག་གཅིག་ཏུ་འབྲེལ་བའི་སྦྲ་གུར་དཀར་པོ་སྐར་ཚོགས་བཞིན་ཁྱབ། ལྕང་རྒྱབ་གྲོང་ཚོའི་གྲོང་མི་ལྷ་སྒྲོན་གྱིས་རང་གི་ལོ8ལོན་པའི་བུ་མོ་སྐལ་བཟང་དབང་མོ་དང་རྟ་རྒྱུག་འགྲན་བསྡུར་ལ་ཤུགས་རྒྱག་བཞིན་ཡོད། མོས་བཤད་རྒྱུར། ཁྱིམ་མི་གང་བོ་རྟ་རྒྱུག་འགྲན་བསྡུར་ལྟ་རུ་ཡོང་བ་དང་ཡུལ་དངོས་ནི་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་ཟེར།

ཟླ7པའི་ཚེས23ཉིན་གྱི་རྟ་རྒྱུག་འགྲན་བསྡུར་ཡུལ་དངོས།

གྲོང་མི་ཟླ་བ་ཆེད་དུ་ལྷ་ས་ནས་རྟ་རྒྱུག་འགྲན་བསྡུར་ལྟ་རུ་ཡོང་ཞིང་། ཁོས“འདི་ནས་འོང་སྐོར་དུས་ཆེན་རོལ་བཞིན་ཡོད་པས། ཉིན་འདི་གཉིས་ཀྱི་རྟ་རྒྱུག་འགྲན་བསྡུར་ཕུན་སུམ་ཚོགས་པ་ཞིག་ཡིན་པས། བོད་ལྗོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་རྟ་ཡང་མང་པོ་ཡོད”ཟེར།

དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་གངས་ཆུང་གིས། རྟ་རྒྱུག་འགྲན་བསྡུར་ནི་འོང་སྐོར་དུས་ཆེན་རོལ་པ་དང་ལོ་ལེགས་འབྱུང་བར་རྟེན་འབྲེལ་བྱེད་པ་མ་ཟད། རྟ་རྒྱུག་རིག་གནས་ལ་སྲུང་སྐྱོང་དང་རྒྱུད་འཛིན་བྱས་ནས་མི་སྔར་ལས་མང་པོས་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཉམས་སུ་མྱོང་བའི་ཆེད་དུ་ཡིན་ཞེས་ངོ་སྤྲོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号