མཚོ་སྔོན་ནས་གླ་བ་དཀར་པོ་ཐོག་མར་བརྙན་གཟུགས་སུ་བཀོད་པ།

གསར་འགོད་པས་ཟླ4པའི་ཚེས13ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཉིན་མང་རྗེས་འདེད་བྱས་པ་བརྒྱུད་པད་མ་རྫོང་གི་མངའ་ཁོངས་སུ་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཏེ་གླ་བ(གླ་བ་དཀར་པོ)ཤེས་རྟོགས་བྱུང་བ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་བརྙན་གཟུགས་ལ་བརྟེན་ནས་གླ་བ་དཀར་པོ་ཟིན་ཐོར་བཀོད་པ་ཞིག་རེད།

པར་འདི་ནི་མཐོང་དཀོན་པའི་གླ་བ་དཀར་པོ་རེད། པད་མ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་མཁོ་འདོན་བྱས། 

ཟླ4པའི་ཚེས12ཉིན། པད་མ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་གཞོགས་འདེགས་འོག པད་མ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པས་པད་མ་རྫོང་གི་མངའ་ཁོངས་ནས་གླ་བ་དཀར་པོ་དེ་བརྙན་དུ་བླངས་པ་དང་དེའི་ལུས་ཀྱི་སྤུ་མདོག་དཀར་པོ་ཡིན་ཞིང་རྣ་བ་རིང་ལ་རྣ་རྩེ་རྣོ་བ་དང་གཟུགས་པོ་རིང་ལ་བརྟན་པོ་རེད། 

རྒྱུས་ལོན་པ་ལྟར་ན། སྲོག་ཆགས་གླ་བ་ནི་གླ་བའི་ཚན་ཁག་རྐྱང་པའི་ཁོངས་སུ་གཏོགས་པ་དང་། མིག་སྔར་གོ་ལ་ཧྲིལ་པོར་ཁྱོན་རིགས7ཡོད་ལ། ཀྲུང་གོ་རུ་གླ་བའི་རིགས་ཁྱོན6ཁྱབ་ཡོད། ཐེངས་འདིར་ཤེས་རྟོགས་བྱུང་པའི་གླ་བ་དཀར་པོ་དེ་ཧ་ཅང་མཐོང་པའི་གླ་བའི་རིགས་ཤིག་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号