【རྐང་ཚ】འབྲོག་པའི་རིག་གནས་ཀྱི་ཁྱད་ཆོས་ལྕི་བའི་སྒྱུ་རྩལ་ལས་མངོན།

མཐོ་སྒང་དུ་དཔྱིད་ཀྱི་དཔལ་མོ་དལ་བུར་སླེབས་དུས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“ལྕི་བའི་སྒྱུ་རྩལ་གྱི་ལྕི་ར”10ལྷག་མཚོ་སྔོན་པོའི་བྱང་ངོགས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་རྩྭ་ཐང་དུ་ཨ་ཅེ་འབྲོག་མོའི་ལག་རྩལ་ལས་གསར་བཞེངས་བྱས་ཤིང་། འབྲོག་པའི་ལྷས་རའི་ལྕི་བ་དེ་ལུད་རྫས་རྐྱང་རྐྱང་མ་ཡིན་པར་སྒྱུ་རྩལ་གྱིས་ཕྱུག་པའི་ས་གནས་མང་ཚོགས་ཀྱི་ལྕི་བའི་ལག་ཤེས་འགྲན་བསྡུར་དུ་གྱུར་ཡོད། ལྕི་བ་རེ་རེ་སྒྱུ་རྩལ་གྱི་ཐོན་རྫས་སུ་བསྒྱུར་ནས་རྩྭ་ཐང་ལ་སྔར་མེད་ཀྱི་མཛེས་སྡུག་ཅིག་བསྐྲུན་ལ། ལྕི་བའི་རྩིག་ངོས་སུ “གཡང་ར་སྒོ་བཞི”དང“རྟ་ནོར་ལུག་གསུམ”། “སྦྲ་ནག་དང་བཀྲ་ཤིས་རི་མོ”སོགས་ཀྱི་བཟོ་དབྱིབས་ལྟ་ན་སྡུག

མི་རིགས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་རི་མོ་རེ་རེ་ནི་རྩྭ་ཐང་གི་འབྲོག་དམངས་རེ་རེའི་བློ་གྲོས་ལས་བྱུང་བ་ཡིན་ལ། དེ་ལས་འབྲོག་མི་ཕྱུགས་ལ་དགའ་ཞེན་ཡོད་པ་མཚོན་པར་མ་ཟད། རྩྭ་ཐང་གི་འབྲོག་མོ་རེ་རེའི་ལག་ལས་ཀ་དང་ཐབས་བཀོད་པའང་མཚོན་འདུག ཐེངས་འདིར་མཚོ་འཁྱིལ་ཡུལ་ཚོའི་མི་དམངས་སྲིད་གཞུང་གིས་དཔྱད་འདེམས་པ་སྒྲིག་འཛུགས་བྱས་ནས“ལྕི་བའི་སྒྱུ་རྩལ་འགྲན་བསྡུར”ལ་སྐར་མ་བརྒྱབ་ཅིང་དཔྱད་བསྡུར་བྱས་ཏེ། བྱ་དགའི་དངུལ་སྤྲད་པས་འབྲོག་པ་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལས་ཀ་དང་འཚོ་བར་བཅངས་བའི་བརྩེ་བ། ད་དུང་སྒྱུ་རྩལ་ལ་རེ་བའི་ཕུགས་བསམ་སོགས་ལ་སྐུལ་ལྕག་ཟབ་མོ་ཐེབས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号