ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཤོག

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཞོ་ལེགས་བོད་ཤོག་གི་ཐུན་མོང་མ་ཡིན་པའི་ལག་རྩལ་དང་སྤུས་ཀར་བརྟེན་ནས་བོད་ཀྱི་བོད་ཤོག་ཆེ་གྲས་གསུམ་གྱི་གྲས་སུ་ཚུད། ད་བར་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེའི་རྒྱུ་ཆ་དམིགས་བསལ་ཅན་ལ་བརྟེན་ནས་སྡེབ་སྦྱོར་བྱས་པས། ཐོན་རྫས་འབུས་མི་ཟ་བ་དང་བྱི་བས་མི་རྨུག་པ། མི་རུལ་ཞིང་མདོག་མི་འགྱུར་བ། རལ་དཀའ་བ། ལྟེབ་བརྩེགས་རྒྱབ་རྗེས་ལྟེབ་རིས་མི་མངོན་པ་སོགས་ཀྱི་ཁྱད་ཆོས་ལྡན། བོད་དུ་སྙེ་མོའི་ཤོག་བཟོའི་རིག་གནས་ལོ་རྒྱུས་ཀྱི་བསྟན་བཅོས་ཧ་ཅང་མང་པོ་ཡོད་ཅིང་། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་ཉར་ཚགས་བྱས་ཡོད་ཀྱང་སྔར་བཞིན་སྐྱོན་མེད་འཐུས་ཚང་དུ་གནས།

དུས་ཡུན་རིང་པོའི་ནང་། ཞོ་ལེགས་བོད་ཤོག་བཟོ་རྩལ་དེ་མི་རབས་ནས་མི་རབས་བར་ལག་ཤེས་བཟོ་རྩལ་པའི་ཁྲོད་རྒྱུན་འཛིན་བྱེད་རིམ་ལོ་ངོ་སྟོང་ཕྲག་འདས། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ཁོངས་ཀྱི་བོད་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་ལོ14ནས་ཨ་ཕའི་ཕྱག་རྗེས་ཤུལ་འཛིན་བྱས་ནས་བོད་ཤོག་བཟོས་པ་དང་། ད་ལྟ་ཁོ་རང་ཡང་དགུང་ལོ73ལ་སླེབས་པས་ལག་རྩལ་དེ་ཚ་མོ་ཕུར་སྒྲོན་ལ་བསླབས་ཡོད། ཚེ་རིང་རྡོ་རྗེ་ལགས་ཀྱིས“བོད་ཤོག་ནི་ལག་ཤེས་ཤིག་ཡིན་ལ་རིག་གནས་ཤིག་ཀྱང་ཡིན་པས་འདིའི་རྒྱུན་ཆད་དུ་འཇུག་རྒྱུ་མེད་པར་མ་ཟད། ཡག་ཐོག་ཡག་རྩེག་ཡོང་བར་ཡང་འབད་དགོས” ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号