བོད་ལུགས་གསོ་རིག་གི་སྨན་ཐང་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཙོ་བོ་བརྗོད་དོན་དུ་བྱས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། པེ་ཅིང་གྲོང་ཁྱེར་གྱི་བཤམས་མཛོད་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ། གཟིགས་མོ་བས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་བོད་ལུགས་གསོ་རིག་གི་ལོ་རྒྱུས། རིག་གཞུང་དང་སྨན་བཅོས་བྱེད་ཐབས་བཅས་ལ་ཤེས་རྟོགས་དང་རྒྱུས་མངའ་གཏིང་ཟབ་ཡོང་བ་བཅས་བྱ་ཆེད།  2023ལོའི་ཟླ11པའི་ཚེས1ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་མཛོད་ཁང་དུ་བོད་ལུགས་གསོ་རིག་གི་སྨན་ཐང་འགྲེམས་སྟོན་བྱེད་མགོ་ཚུགས།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་མགོ་འཛིན་པ་སྒྲོལ་དཀར་སྐྱབས་ལགས་ཀྱིས་གཙོ་གཉེར་ལས་ཁུངས་ཀྱི་ཚབ་བྱས་ནས་མགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་ཀྱིས་སྲོལ་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཁྲོད་དུ་རྩ་བ་རྒྱས་པའི་བོད་ལུགས་གསོ་རིག་ནི་རང་རྒྱལ་གསོ་རིག་བང་མཛོད་ནང་གི་བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་གཅིག་དང་མཚུངས་ལ། བོད་ལུགས་གསོ་རིག་ལ་ད་བར་མི་ལོ3800ལྷག་གི་གོང་འཕེལ་ལོ་རྒྱུས་ལྡན་ཞིང་། དེའི་ལོ་རྒྱུས་ཐོག་ཁྱད་ཆོས་མངོན་པར་ཆེ་ཞིང་སྔར་མེད་གསར་དར་གྱི་སྨན་ཐང་བྱུང་ཡོད་ཅེས་བསྟན།

པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་བོད་ལྗོངས་ཀྱི་ལྷ་བཟོ་གྲགས་ཅན་དང་། བྲིས་པ་མཁས་ཅན་དག་གདན་དྲངས་ནས་ལོ་མང་པོའི་རིང་ལ་དཀའ་བ་སྤྱད་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཉར་ཚགས་གནང་བའི་བོད་ལུགས་གསོ་རིག་གི་སྨན་ཐང་ཆ་ཚང་ཞིག་བསྐྱར་བཞེངས་ཐུབ་ཡོད། གསོ་རིག་སྨན་ཐང་ཧྲིལ་པོར་ཐང་ག80ཡོད་ལ། དེ་དག་ཐང་ག་ཆུང་ངུ6487གྱིས་གྲུབ་ཡོད། ཐང་གའི་ནང་དོན་གྱི་ཐད་དུ། བོད་ལུགས་གསོ་རིག་གི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་འཕེལ་རིམ། བོད་ལུགས་གསོ་རིག་གི་རིག་གཞུང་། ནད་ཐོག་སྨན་བཅོས། སྨན་རྫས་སྡེབ་སྦྱོར། སྦྱོར་སྡེ་ལས་སྣོན། གནམ་རིག་སྐར་རྩིས་སོགས་འདུས་ཡོད། ཐེངས་འདིའི་འགྲེམས་སྟོན་ཡག་པོ་གཉེར་ཆེད། གཙོ་གཉེར་ལས་ཁུངས་ཀྱིས་གསོ་རིག་སྨན་ཁང་མང་པོའི་ཁྲོད་ནས་རྩེར་སོན་གྱི་སྨན་ཐང་བརྩམས་བྱ30བདམས་ཏེ་འགྲེམས་སྟོན་བྱས་ནས། གཟིགས་མོ་བ་ཚོར་བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་རིག་གཞུང་། སྨན་བཅོས་བྱེད་ཐབས་བཅས་ལ་རྒྱུས་ལོན་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།

འགྲེམས་སྟོན་གྱི་ཉིན་དང་པོར། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་ཞིབ་འཇུག་པ་ལེའུ་དབྱིང་ཧྭ་ཡིས་འགྲེམས་ཞུགས་སྐུ་མགྲོན་དང་གཟིགས་མོ་བ་ཚོར་བོད་ལུགས་གསོ་རིག་གི་ལུམས་བཅོས་ཀྱི་བྱུང་བ་དང་། ཏུན་ཧོང་ནས་ཐོན་པའི་བོད་ལུགས་གསོ་བ་རིག་པའི་ཤོག་དྲིལ་ནས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཚབ་མཚོན་བརྩམས་ཆོས་ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན2023ལོའི་ཟླ11པའི་ཚེས1ཉིན་ནས2024ལོའི་ཟླ2པའི་ཚེས29ཉིན་བར་གཉེར་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号