ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན། མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི«བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
དེབ་འདི་ཉིད་ནི་གཙོ་བོ་སི་ཏུའི་འགྲེལ་ཆེན་གྱི་དཀའ་གནད་ཀྱི་འགྲེལ་བཤད་ཡིན་པ་གཞིར་བཅས། རྟགས་ཀྱི་འཇུག་པའི་ལས་ཚིག་སྐབས་སུ་སི་ཏུའི་འགྲེལ་ཆེན་ལས་བྱ་བྱེད་ཐ་དད་མིན་ཞེས་པ་དང་། བདག་གཞན་ཤེད་མཚུངས་མིན་ཞེས་པ་གཉིས་དོན་ལ་གཅིག་ཡིན་པའི་དགོངས་འགྲེལ་དང་དཔེར་བརྗོད་ལ་ཞིབ་ཏུ་བརྟགས་ནས་བྱ་བྱེད་ཐ་དད་པ་ཞེས་པ་ནི། ལས་ཚིག་རང་གི་ངོས་ནས་བདག་གཞན་གྱི་དབྱེ་བ་ཡོད་པ་སྟེ། ལས་ཚིག་ད་ལྟ་བ་དང་མ་འོངས་པ་གཉིས་ཡིག་གཟུགས་ཐ་དད་ཡོད་པ་དེ་བྱ་བྱེད་ཐ་དད་པའམ་བདག་གཞན་ཤེད་མཚུངས་པ་དང་། དེ་གཉིས་ཡིག་གཟུགས་ཐ་དད་མེད་པ་ནི་བྱ་བྱེད་ཐ་མི་དད་པ་ཡིན་པར་ངོས་འཛིན་དང་འགྲེལ་བཤད་གསལ་པོར་བྱས་ཡོད།
བྱ་བྱེད་ལས་གསུམ་ངོས་འཛིན་ཡང་དེང་དུས་བརྡ་སྤྲོད་རིག་པའི་ནང་གི། བྱེད་ཅེས་པ主语 ལས་ཞེས་པ谓语 བྱ་ཞེས་པ宾语དང་དོན་གཅིག་ཡིན་པ་འགྲེལ་བཤད་གསལ་པོར་བྱས་ཡོད་པ་འདི་ཡིས་རྟགས་འཇུག་གི་དཀའ་རྙོག་མཐའ་དག་སེལ་ནུས། ལྷག་པར་དུ་སུམ་རྟགས་ཀྱི་བརྗོད་བྱ་མཐའ་དག་དྲི་བ་དྲིས་ལན་གྱི་སྒོ་ནས་གསལ་བཤད་དང་། ཚད་མའི་རིགས་ལམ་ཀྱི་སྒོ་ནས་མཐའ་དཔྱད་བཀོད་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ། བརྡ་སྤྲོད་རིག་པའི་བརྗོད་བྱ་མཐའ་དག་རིགས་ལམ་གྱི་སྒོ་ནས་གསལ་བཤད་བྱས་པ་ཐེངས་དང་པོ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注