འགྱུར་དེབ་གསར་པ«འཇག་མའི་ཁང་པ»ཞེས་པ་པར་བསྐྲུན་བྱས།

«འཇག་མའི་ཁང་པ»ཞེས་པའི་སྒྲུང་རིང་འདི་ཉིད་ནི་རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་ཚཱའོ་བིན་ཞོན་གྱིས་བརྩམས་ཤིང་སྤྱི་ལོ༡༩༩༧ལོར་ཐོག་མར་པར་དུ་བསྐྲུན། དེབ་འདི་ཉིད་ནི་བྱིས་པའི་རྩོམ་རིག་ཁྲོད་ཀྱི་བརྩམས་ཆོས་གྲགས་ཅན་ཞིག་ཡིན་པ་སྟེ། གཙོར་མི་སྣ་གཙོ་བོ་སཱང་སང་གི་སློབ་ཆུང་ལོ་ངོ་དྲུག་གི་སློབ་སྦྱོང་དང་འཚོ་བ་བརྗོད་བྱ་བྱས་ཡོད་པ་རེད།

ཡིག་བསྒྱུར་ཐད་ནས་རྩོམ་པ་པོས་གོ་སླ་བའི་ཁ་སྐད་ལ་གཞི་བཅོལ་ནས་ཤེས་ཚད་དཀྱུས་མ་ཡིན་པའི་ཀློག་པ་པོའམ་ན་ཆུང་བྱིས་པ་དག་ལ་ཆེད་དམིགས་ཅི་ཐུབ་བྱས་ཡོད་པ་དང་། བསྒྱུར་བྱའི་རྩོམ་ཡིག་ཁྲོད་ཞིབ་འབྲི་གནང་ཡོད་པའི་ཁོར་ཡུག་དང་འཚོ་བ་དག་རང་ཅག་གི་ཁོར་ཡུག་གམ་འཚོ་བ་དང་ཁྱད་པར་ཆེ་ནའང་། མི་སྣ་དག་གི་རུས་མིང་ལས་གཞན་དག་བོད་རང་གི་མིང་ཚིག་སྦྱོར་ཅི་ཐུབ་བྱས་ཡོད་དོ། །

བསྒྱུར་པ་པོ་ངོ་སྤྲོད།

རྡོ་ལྷ་ཐར། མཚོ་སྔོན་རྩེ་ཁོག་གི་མི་ཡིན། མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན། སྔ་རྗེས་སུ་སློབ་ཆུང་གི་དགེ་རྒན་དང་། སྲིད་འཛིན་དྲུང་ཡིག གཞུང་ཡིག་ཡིག་སྒྱུར། ཞང་གྲོང་གི་འགོ་ཁྲིད་གཙོ་གཞོན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། ཁུལ་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་འཕྲོད་བསྟེན་བདེ་ཐང་དང་རིག་གནས་དཔྱད་ཡིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་ལས་ཀ་གཉེར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་རྨ་ལྷོ་ཁུལ་སློབ་གསོ་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པའི«བོད་རྒྱ་སྐད་གཉིས་བྱིས་སྐྱོང་ཁང་གི་བསླབ་ཚན»(དགེ་རྒན་སྤྱོད་དེབ)ཀྱི་གཙོ་སྒྲིག་པའི་འགན་ཡང་ཁུར་མྱོང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号